དབུ་ཤོག>གསར་འགྱུར།
  • ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་ལས་ཚོང་དོན་མ་འཇོག་ལ་གོ་སྐབས་འཕྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-08-08

    05fb8e2b-8b29-4c0a-a040-4df6d3f5e621.jpg.jpg

     ཉེ་ཆར། 2022ལོའི་ཧྲེང་པའོ་ལུའོ་རྒྱལ་སྤྱིའི་འཛད་སྤྱོད་རིགས་ཀྱི་གློག་རྡུལ་དང་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་འགྲེམས་ཚོགས་དེ་པར་ཙིར་གྱི་ཧྲེང་པའོ་ལུའོ་མཛེས་རྩལ་འགྲེམས་སྟོན་ལྟེ་གནས་སུ་གཉེར་བས། འཛམ་གླིང་ས་གནས་ཁག་གི་འབྲེལ་ཡོད་ཁེ་ལས་ཀྱི་ཡིད་དབང་བཀུག་པ་དང་ཀྲུང་གོའི་ཁེ་ལས་མི་ཉུང་བ་ཞིག་འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད། འདི་ནི་མི་རྣམས་ཀྱིས་འགྲེམས་ཚོགས་ཐོག་ཀྲུང་གོའི་ལན་པར་གྱི་ལག་ཐོགས་ཁ་པར་ཉམས་ལེན་བྱེད་བཞིན་པ།

    2002ལོ་ནས་2021ལོ་བར། ཀྲུང་གོ་དང་ལ་ཏིང་མེ་གླིང་ས་ཁུལ་གྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་180ནས་ཨ་སྒོར་དུང་ཕྱུར་4490བར་མང་དུ་ཕྱིན་ཡོད། འཕར་ཚད་འདིར་གཞིགས་ན། 2035ལོར་སླེབས་སྐབས་ཨ་སྒོར་དུང་ཕྱུར་7000ལྷག་ཙམ་ཟིན་རྒྱུ་རེད། གྲུབ་འབྲས་དེ་དག་གི་ཆ་ཤས་ནི་ཀྲུང་གོ་དང་ཆི་ལི་དང་། ཁོ་སི་ཐ་རི་ཁ་དང་ཕེ་རུ་དབར་གྱི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་སྐུལ་འདེད་ལས་བྱུང་བ་རེད། ཀྲུང་གོས་ད་དུང་འབད་བརྩོན་ཆེན་པོས་ཨེ་ཁྭ་ཏོར་དང་གྲོས་མཐུན་བཞག་ནས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དེ་བས་མང་བ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་གྲུབ་འབྲས་ནི་ཚོང་དོན་དང་མ་འཇོག་གི་གོ་སྐབས་མཁོ་འདོན་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་དུས་མཚུངས་ཆ་རྐྱེན་གཞན་གང་ཡང་མེད་པས། དེ་ཨ་རི་དང་ངོ་བོའི་ཐོག་ནས་ཁྱད་པར་ཡོད།

    —— འཛམ་གླིང་ཚགས་པར་ལས་རིགས་ཀྱི་ཤིན་ཏི་ཁ་དྲ་ཚུགས་སུ་སྤེལ་བའི་རྩོམ་ཡིག་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།