དབུ་ཤོག>གསར་འགྱུར།
  • ཀྲུང་གོས་ཨ་ཧྥེ་རི་ཁ་དང་གྲངས་འཛིན་ལག་རྩལ་མཉམ་ལས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-08-08

    91f2fe17-0a70-4a32-8b20-9805df41771f.jpg.jpg

     མིག་སྔར། སེ་ནེ་ཀལ་གྱི“གྲོང་ཚོ་ཁྲིར་ཤར་གཏོང”གི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱིས་ཞིང་ཆེན་14ཡི་གྲོང་ཚོ་300རུ་སྲུང་སྐར་བརྙན་འཕྲིན་འཕྲིན་ལམ་བསྡུ་ལེན་གྱི་མཐའ་སྣེ་སྒྲིག་སྦྱོར་ཟིན་པ་རེད། “གྲོང་ཚོ་ཁྲིར་ཤར་གཏོང”རྣམ་གྲངས་ནི་2015ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཐོག་བཏོན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཐབས་ཀྱི་གྲས་ཤིག་ཡིན་པ་དང་། ཀྲུང་གོའི་ཁེ་ལས་སི་ཏ་དུས་རབས་ཚོགས་པས་ལག་བསྟར་བྱེད་མཁན་ཕྱོགས་ཀྱི་ངོས་ནས་རྣམ་གྲངས་དེ་སྐྲུན་འགན་འཁུར་ཡོད། འདི་ནི་སེ་ནེ་ཀལ་གྱི་སློབ་ཆུང་ཞིག་ཏུ་ཕྲུ་གུ་ཚོས་སློབ་ཁང་གི་ས་གདན་སྟེང་བསྡད་དེ་ཀོ་ཕིག་ལྟ་བཞིན་པ།

    གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ནི་ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ཀྱི་གཙོ་གནད་གྲས་ཤིག་ཡིན། གྲངས་འཛིན་དཔལ་འབྱོར་ལ་རྨང་གཞི་བརྟན་པོ་ཞིག་བཏིང་རྗེས་ཀྲུང་གོས་དུས་མཚམས་རྗེས་མར་སླེབས་རེ་བྱེད་ཀྱི་ཡོད་པ་སྟེ། གྲངས་འཛིན་ལག་རྩལ་དེ་དངོས་ཚན་དཔལ་འབྱོར་དང་སྤྱི་ཚོགས་དང་སྲིད་གཞུང་གི་འགན་ནུས་དང་ཟུང་འབྲེལ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་སྲིད་འཛིན་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ཀྲུང་གོའི་མདུན་ལམ་རྒྱལ་ནང་དུ་ཡོད་པ་ཙམ་མ་ཡིན་པར་གོ་ལ་ཧྲིལ་པོར་ཡོད་པ་ཞིག་ཡིན། མིག་སྔར། འཛམ་གླིང་ཡོངས་ཀྱི་གྲངས་འཛིན་ཡོ་བྱད་དང་ཞབས་ཞུའི་ཐད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་ནས་ཀྲུང་གོས་ཀྲུང་གོའི་གྲངས་འཛིན་ལག་རྩལ་ཕྱིར་གཏོང་བྱེད་པར་སྐུལ་མ་ཐེབས་བཞིན་ཡོད། ཨ་ཧྥེ་རི་ཁར་ཀྲུང་གོའི་ཁེ་ལས་ཧྭ་ཝེ་ཡིས་4Gདྲ་རྒྱ་འབོར་ཆེན་སྐྲུན་འགན་ཁུར་ཞིང་། ཀྲུང་གོས་རོགས་ཟླ་ཨ་ཧྥེ་རི་ཁ་དང་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་མཉམ་ལས་ཟབ་ཏུ་གཏོང་ཐབས་འཚོལ་ཞིབ་བྱེད་པ་དེ་གཙོ་བོ་གསར་དར་ལག་རྩལ་བཟོ་ལས་ལ་སྤྱོད་པ་དང་། འགྲིམ་འགྲུལ་དང་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུ་གྲངས་འཛིན་ཅན་དུ་འགྱུར་རྒྱུ་དེ་རེད། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་དངོས་ཚན་གྱིས་གྲངས་འཛིན་སྲིད་གཞུང་དང་བཅོས་སྐྱོང་ཐད་སྐུལ་འདེད་གཏོང་བའི་མཉམ་ལས་ལ་གཞོལ་བཞིན་ཡོད།

    —— སི་ཕེན་གྱི《ཕྱི་ཕྱོགས་སྲིད་ཇུས》ཀྱི་ཟླ་ཟུང་དུས་དེབ་དྲ་ཚུགས་སུ་སྤེལ་བའི་རྩོམ་ཡིག་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།