དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་ཤ་མོ་སྐྱེ་རྩྭ་འདེབས་འཛུགས་ལག་རྩལ་གྱིས་ཧྥི་ཅིའི་ཞིང་པར་བདེ་སྐྱིད་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-08-08

    188a7296-8dc5-4d1a-8d2d-750408910b63.jpg.jpg

     འདི་ནི་ཟླ་5ཚེས་12ཉིན། ཧྥི་ཅིའི་ཞིང་ལས་པུའི་ཤ་མོ་སྐྱེ་རྩྭའི་རྣམ་གྲངས་ཀྱི་མཐུན་སྦྱོར་པ་ཐཱ་ཅི་ཡ་ཁོའོ·ཝ་ཁ་ལུའོ་ལུའོ་མཱ་ཡིས་ནན་ཏེ་གྲོང་ཁྱེར་དུ་ཡོད་པའི་ཀྲུང་གོས་ཧྥི་ཅིར་རོགས་སྐྱོར་བྱས་པའི་ཤ་མོ་སྐྱེ་རྩྭའི་ལག་རྩལ་དཔེ་སྟོན་ལྟེ་གནས་སུ་ཤ་མོ་སྐྱེ་རྩྭའི་ལག་རྩལ་གསོ་སྦྱོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

    ཧྥི་ཅིའི་ནན་ཏེ་གྲོང་ཁྱེར་གྱི་ཞིང་ར་ཞིག་ཏུ་ཞིང་པས་ཀྲུང་གོས་རོགས་སྐྱོར་བྱས་པའི་ཤ་མོ་སྐྱེ་རྩྭ་བཏབ་ནས་ཕྱུག་འགྱུར་གྱི་ལམ་བུ་གཏོད་བཞིན་ཡོད། ཤ་མོ་སྐྱེ་རྩྭ་དེ་རིགས་མི་ཚད་ལས་རིང་བ་དང་སྡོང་རྐང་ཞེང་ཁ་ཆེ་ཞིང་ཧ་ཅང་མཁྲེགས་པོ་ཡོད་པས། ཚ་བའི་ཁུལ་གྱི་གླིང་ཕྲན་ལ་འཕྲད་པའི་རླུང་འཁྱིལ་གྱི་གནོད་འཚེ་འགོག་ཐུབ་ཀྱི་ཡོད། མ་ཟད་ཤ་མོ་སྐྱེ་རྩྭ་དེ་རིགས་ནི་རྩི་ཤིང་གི་གཞི་རྒྱུ་རིགས་30སྒྱུར་བཟོ་བྱས་ནས་གྲུབ་པ་ཞིག་ཡིན་པ་དང་། ཀྲུང་གོའི་ཧྥུའུ་ཅན་ཞིང་ཆེན་ནས་ཧྥི་ཅིར་དབོར་བ་ཞིག་རེད། ཤ་མོ་སྐྱེ་རྩྭ་དེ་རུལ་རྗེས་ལུད་ཆགས་ནས་ས་རྒྱུ་གཤིན་དུ་འགྲོ་གི་ཡོད། ད་ཆ་ས་ཆུ་ཤོར་བ་ནི་ཧྥི་ཅིའི་གནད་དོན་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ལ། ཧྥི་ཅིས་གནམ་གཤིས་འགྱུར་ལྡོག་གི་འཇིགས་སྣང་ལ་ཁ་གཏད་གཅོག་པའི་ལས་དོན་གཙོ་བོ་ཞིག་ཀྱང་རེད།

    ཤ་མོ་སྐྱེ་རྩྭར་ད་དུང་སྤྱོད་སྒོ་གཞན་ཞིག་ཡོད་པ་སྟེ། ཞིང་ར་ཁ་ཤས་སུ་དེས་ལྗོན་ཤིང་གི་ཚབ་བྱས་ཏེ་ཤ་མོ་འདེབས་གསོའི་རྨང་གཞི་གཙོ་བོར་བརྩི་གི་ཡོད། འདེབས་གསོ་བྱེད་ཐབས་འདི་རིགས་ཀྱི་ཁེ་བཟང་མཐོ་བ་མ་ཟད། མ་གནས་བལྟོས་བཅས་ཀྱིས་དམའ་བས། ཧྥི་ཅིའི་ཤ་མོ་ཕྱིར་གཏོང་བྱེད་པར་ཕན་པ་ཡོད། ས་གནས་དེ་གའི་ཞིང་པས“ཀྲུང་གོ་སྲིད་གཞུང་གིས་ང་ཚོར་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཁོང་ཚོས་ང་ཚོར་འབྱུང་འགྱུར་གྱི་ཁ་ཕྱོགས་བསྟན་པ་དང་ཐོན་རྫས་གསར་པ་མཁོ་འདོན་བྱས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།

    —— ཨོ་སི་ཁྲུ་ལི་ཡའི《ཤིས་ཉིའི་སྔོན་བྱོན་པའི་ཞོགས་པའི་ཚགས་པར》དྲ་ཚུགས་སུ་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།