དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་རང་ལྗོངས་ཀྱི་དྲ་ཐོག་སིལ་ཚོང་བསྡོམས་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-06

    གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར། ཟླ་དང་པོ་ནས་དྲུག་པའི་བར་ལྗོངས་ཡོངས་ཀྱི་དྲ་ཐོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་47.5ཟིན་པ་དེ་དུས་མཚུངས་ལས་33.4%འཕར་ནས་ཟླ་དང་པོ་ནས་ལྔ་པའི་བར་ལས་བརྒྱ་ཆའི་གྲངས་0.7གྱིས་མཐོ་རུ་ཕྱིན་ཏེ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་30.3གྱིས་མཐོ་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། དེའི་ནང་དངོས་རྫས་ཚོང་ཟོག་གི་དྲ་ཐོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་37.6ཟིན་པ་དེ་དུས་མཚུངས་ལས་38.2%འཕར་ནས་ཟླ་དང་པོ་ནས་ལྔ་པའི་བར་ལས་བརྒྱ་ཆའི་གྲངས་1.2ཀྱིས་མཐོ་རུ་ཕྱིན་ཏེ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་32.6གིས་མཐོ་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་དེ་བཞིན་ཟོག་འགྲེམས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་བསྟུན་ནས། ལྗོངས་ཡོངས་ཀྱི་གྲོང་མིའི་དྲ་ཐོག་འཛད་སྤྱོད་རྒྱུན་མཐུད་དང་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་པ་དང་དྲ་ཐོག་འཛད་སྤྱོད་ཀྱིས་འཛད་སྤྱོད་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།