དབུ་ཤོག>གསར་འགྱུར།
  • དཀའ་སེལ་སྲིད་ཇུས་དོན་འཁྱོལ་བྱས། འཕེལ་རྒྱས་གདེང་ཚོད་རབ་ཏུ་འཕེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-05

    ཟླ་ལྔ་པ་ནི་རྒྱལ་ཡོངས་ཀྱི“ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་ཟླ་བ”རེད། ཁེ་ལས་འབྲིང་ཆུང་གི་དཀའ་ངལ་སེལ་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལས་དོན་སྐུལ་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ཞབས་ཞུའི་ཟླ་བའི་བྱེད་སྒོ་ཁེ་ལས་ཀྱི་དཀའ་ངལ་དངོས་ཐག་གཅོད་དང་ཁེ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་དུ་བརྩིས་ཏེ། ཞབས་ཞུའི་ལས་དོན་རབ་དང་རིམ་པ་སྤེལ་ནས་ལྗོངས་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ་རེད།

    སྲིད་ཇུས་དྲིལ་བསྒྲགས་མི་སེམས་ལ་ཟུག་པར་བྱས་པ།

    ཁེ་ལས་འབྲིང་ཆུང་ལ་རོཌ་སྐྱོར་བྱེད་པའི་ཐད། རང་ལྗོངས་ཀྱིས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུཌ་ཆེ་རུ་གཏོང་བ་དང་། སྲིད་ཇུས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་ལ་སྣང་ཆེན་བྱས་པ་རེད།

    “ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་ཟླ་བའི”བྱེད་སྒོ་སྤེལ་རིང་། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ཁེ་ལས་འབྲིང་ཆུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག་བཟོས་ཏེ། 2019ལོ་ནས་2022ལོ་བར་གྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་110ལྷག་ཙམ་བསྡུ་རུབ་བྱས་པ་དང་འབྲེལ། དྲ་རྒྱའི་ལས་སྟེགས་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ནས། རང་ལྗོངས་ཀྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་སྟབས་བདེ་དང་ནུས་ལྡན་ངང་དྲིལ་བསྒྲགས་བྱས་པ་རེད།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་། ཁྲལ་དོན་ཅུས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྨྱན་སྦྱོར་སྣ་ཚོགས་གང་ལེགས་སྤྱད་དེ། ལྗོངས་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་ལ་རྣམ་པ་སྣ་ཚོགས་དང་རེས་སྐོར་མང་བའི་སྲིད་ཇུས་ཁྱབ་གདལ་དང་། དྲིལ་བསྒྲགས་འོས་སྦྱོར། ཟུར་ཁྲིད་འགྲེལ་བཤད་སོགས་བྱས་ནས་སྲིད་ཇུས་ཁྱབ་ཁྱོན་ཆེན་པོ་ཡོང་བར་བྱས་པ་རེད།

    མིག་སྔའི་བར། རང་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་དྲ་ཐོག་དང་དྲ་ཕྱི་ནས་ཁེ་ལས་དུད་ཚང་16226ལ་སྲིད་ཇུས་ལག་བསྟར་དང་གནད་སྨིན་ཁྱབ་གདལ་བཏང་བ་དང་། སྲིད་ཇུས་ཟུར་ཁྲིད་འགྲེལ་བཤད་ཐེངས་95བརྒྱབ་པ། ཁྲལ་འཇལ་བ་མི་ཐེངས་ཁྲི་3335ཡི་དྲི་བར་ལན་བརྒྱབ་པ། མི་ཐེངས་2731གི་ཁྲལ་བསྡུའི་དཀའ་གནད་ལ་ལན་བརྒྱབ་པ་དང་ཐག་གཅོད་བྱས་པ་རེད།

    ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་དཀའ་ངལ་དང་དོགས་གཞི་བསལ་བ།

    བོད་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཞབས་ཞུའི་གཞི་རྟེན་གྱིས་ཁེ་ལས་ཀྱི་རེ་ཞུ་བདག་སྤྲོད་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁྱབ་གདལ། ཁེ་ལས་ལ་ཐོན་ཁུངས་སྦྲེལ་མཐུད་བྱེད་རོགས། ཁེ་ལས་ཀྱི་ནུས་པ་ཆེར་གཏོང་ལ་སྐུལ་འདེད། ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་འགན་ལེན་བཅས་ཕྱོཌ་ལྔའི་ཐད་ནས་ཞབས་འདེགས་ཞུས་ཏེ། ཁེ་ལས་ལ་དཀའ་ངལ་འབྱུང་རྐྱེན་གནད་ལ་འཁེལ་པོས་འཚོལ་བ་དང་དཀའ་ངལ་སེལ་ཐབས་བསླབས་ནས། ཁེ་ལས་ལ་ཆེད་ལས་ཅན་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་པ་རེད།

    རང་སྐྱོང་ལྗོངས་གཞུང་རྒྱུ་ཨུ་ལྷན་གྱིས་ལྟ་འདོམས་ཁེ་ལས་ལ་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེཌ་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་དགོས་པའི་བླང་བྱ་བཏོན་ཞིང་། མིག་སྔའི་བར་རིམ་རྩིས་བྱས་ན་ཁང་གླ་སྒོར་ཁྲི་3885.11ཆག་ཡང་དང་རྩ་ཆག་བཏང་བ་དེས་ཁང་གླ་སྤྲོད་དགོས་པའི་དུད་ཚང་1332ལ་ཕན་པ་ཐོབ་ཡོད་པ་རེད།

    རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཆ་རྐྱེན་འཛོམས་པའི་ཁེ་ལས་253ལྟ་སྐུལ་ཁྲིམས་འཛིན་གྱི་དྲང་ཕྱོགས་གསལ་ཐོའི་ནང་བཅུག་པ་དང་། གསལ་ཐོའི་ནང་གི་ཁེ་ལས་ལ་རང་འགུལ་ལྟ་འདོམས་ཀྱི་བྱ་ཐབས་ཐོག་ནས་ཞིབ་བཤེར་ཐེངས་68བྱས་པ། ས་གནས་ས་ཐོག་ཏུ་ཞབས་ཞུའི་ཁེ་ལས་40ལ་རོགས་སྐྱོར་བྱས་ནས་ཁེ་ལས་བློ་རྩེ་གཅིག་སྒྲིམ་ངང་གཉེར་སྐྱོང་ཐོན་སྐྱེད་ཐུབ་པར་བྱས་པ་རེད།

    དངུལ་རྩའི་སྟོབས་ཤུགས་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་གཏོང་རོགས་བྱས་པ།

    འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དམིགས་ས་ཡོད་པའི་སྒོ་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་ཐབས་ཧུར་ཐག་བཏོན་ཏེ། སྲིད་ཇུས་ཀྱི་ཐབས་བཟང་སྣ་ཚོགས་ལ་བརྟེན་ནས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

    ཟླ་5པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་བཏང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2257.64ཟིན་པ་དང་། ལྷག་གྲངས་ཀྱི་དུད་ཚང་6470ཡོད་པ་རེད། འདི་ལོ་སྔོན་དཔག་བྱས་ན་ཁེ་ལས་འབྲིང་ཆུང་ཕྲན་གསུམ་2841ལ་དངུལ་བུན་སྒོར་དུང་ཕྱུར་240.29གཏོང་རྒྱུ་དང་དངུལ་བུན་གཏོང་ཚད་96.04%ཟིན་རྒྱུ་རེད།

    “ང་ཚོས‘མཉམ་དུ་ཁེ་ལས་ལ་ཕན་པ་སྐྲུན་པའི’ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བཟོ་འཕྲིན་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ས་གནས་ཀྱི་ཁེ་ལས་འབྲིང་ཆུང་གི་གཙོ་གཉེར་སྡེ་ཚན་གྱི་འགན་འཁྲི་མུ་མཐུད་ཡག་པོ་འཁུར་བ་དང་། ཞབས་ཞུའི་སྒྲིག་གཞིས་ཁེ་ལས་འབྲིང་ཆུང་ལ་སྤུས་ལེགས་ཞབས་འདེགས་ཞུ་བར་ཁྲིད་སྟོན་དང་སྐུལ་ཁྲིད་བྱེད་པ། ཞབས་འདེགས་ལོ་འཁོར་མོ་དང་ཐ་ན་ཡུན་རིང་ཞུ་ཐུབ་པར་བྱེད་པ། ཁེ་ལས་ལ་གཟིགས་སྐྱོང་བྱེད་པའི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ། ཁེ་ལས་འབྲིང་ཆུང་གི་ཐོབ་སྣང་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་བྱེད་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ཁེ་ལས་འབྲིང་ཆུང་ཁྲུའི་འབྲེལ་ཡོད་འགན་འཁུར་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།