དབུ་ཤོག>གསར་འགྱུར།
  • ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངོས་ཚན་དཔལ་འབྱོར་ལ་དངུལ་རྩའི་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-05

    འདི་ལོ་ཚུན་དུ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་སྒོ་གཉེར་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱས་ཏེ། བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་སྤུས་ཚད་ལེགས་པོས་ཞབས་འདེགས་ཞུས་པས། ལས་སྒོ་གཉེར་སྐྱོང་གི་འགོ་ཡག་པོ་འཛུགས་ཐུབ་པ་བྱུང་བ་མ་ཟད། “དཔྱིད་ཀྱི་བྱ་སྤྱོད”ལ་འགོ་བཙུགས་མ་ཐག་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་སྟོད་ཚུན་དུ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་དངོས་ཚན་དཔལ་འབྱོར་ལ་དངུལ་རྩའི་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་རྒྱུ་དེ། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”གཙོ་གནད་རྣམ་གྲངས་འཆར་འགོད་དང་ལྗོངས་ཡོངས་ཀྱི་གཙོ་གནད་འཛུཌ་སྐྲུན་རྣམ་གྲངས་ལ་དམིགས་ཏེ། རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་50ལྷག་ཙམ་བཏང་བ་དང་། གླིང་ཁའི་དངུལ་བུན་སོགས་ཀྱི་ཐོན་རྫས་བཏོན་པ། “རྫོང་གཅིག་ལ་སྤུས་རྟཌ་གཅིག”གི་བྱེད་སྟངས་གསར་པ་ཁྱབ་གདལ་བཏང་སྟེ་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་པ། དངུལ་རྩའི་མཐའ་སྲུང་གི་བླ་ན་མེད་པའི་འགན་འཁྲི་ཡག་པོ་བསྒྲུབས་པ་རེད། ཟླ་གསུམ་པའི་ཟླ་མཇུག་བར་དངུལ་ཁང་དེས་རྫོང་ཁོངས་སུ་བཏང་བའི་དངུལ་བུན་དེ་དངུལ་ཁང་ཡོངས་ཀྱི་དངུལ་བུན་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་3.17གྱིས་མཐོ་བ་ཡོད་པ་དང་། གྲོང་གསེབ་ཀྱི་ཐོན་ལས་ལ་བཏང་བའི་དངུལ་བུན་དེ་རྫོང་ཁོངས་སུ་བཏང་བའི་དངུལ་བུན་གྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་1.07གྱིས་མཐོ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།