དབུ་ཤོག>གསར་འགྱུར།
  • དཔའ་ཤོད་རྫོང་ཁྲལ་དོན་ཅུས་ཀྱིས།གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་ལས་དོན་མུ་མཐུད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-05

     ཕྲན་ཚེགས་ཁེ་ལས་དང་བཟོ་སྐྲུན་ལས་རིགས་སོགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། ཁྲོམ་རའི་བྱེད་པོའི་སེམས་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་ཆེད། ཟླ་4པ་ཚུན་དུ་དཔའ་ཤོད་རྫོང་ཁྲལ་དོན་ཅུས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲལ་གྲོན་ཡོང་འབབ་སྒྲིག་འཛུགས་བྱེད་པ། “སྐར་ཁུང་ནས་བདག་སྤྲོད་དང་། ནང་ཁུལ་དུ་རྒྱུན་འཁོར། དུས་བཀག་སྒྲུབ་གཉེར། སྐར་ཁུང་གཉེར་བ”བཅས་ཀྱི་རྩ་དོན་གཞིར་བཟུང་། ཚབ་འཕྲི་ཁྲལ་སློག་གི་སྲིད་ཇུས་གནད་སྨིན་དང་ཞིབ་ཚཌ་ངང་མུ་མཐུད་དོན་འཁྱོལ་བྱས་ཏེ། ཁེ་ལས་ལ་མ་དངུལ་གསོག་རོགས་དང་། གཉེར་སྐྱོང་འཕེལ་རྒྱས་ཀྱི་རྨང་གཞི་དང་སེམས་ཤུགས་ཆེ་རུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

    “ཁྲལ་དོན་ཅུས་ཀྱིས་ནུས་ཆེ་དང་སྤུས་ཚད་ལེགས་པོས་ང་ཚོའི་ཀུང་སིར་གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་སྒྲུབ་གཉེར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན” ཉེ་དུས་རྒྱལ་ཁབ་གློག་ཤུགས་མ་རྐང་ཚོགས་པ་ཆབ་མདོ་ནུས་རྒྱུ་ཚད་ཡོད་ཀུང་སི་དཔའ་ཤོད་རྫོང་ཡན་ལག་ཀུང་སིའི་ནོར་དོན་འགན་འཁུར་བ་ཁྲེན་ཡིང་གིས་དཔའ་ཤོད་རྫོང་ཁྲལ་དོན་ཅུས་ཀྱི་ལས་དོན་མི་སྣར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས“སྲིད་ཇུས་ཀྱི་ཁེ་ཕན་དག་ང་ཚོའི་ཁེ་ལས་ཀྱིས་འཕྲལ་དུ་ལོངས་སུ་སྤྱོད་རྒྱུ་བྱུང་བས། འབྱུང་འགྱུར་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཁ་ཡོད་ལག་ཡོད་ཀྱི་སྒུལ་ཤུགས་ཆེན་པོ་བསྣན་སོང”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།