དབུ་ཤོག>གསར་འགྱུར།
  • རྒྱལ་ཁབ་དངུལ་མཛོད་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་མཛོད་ཁང་གིས་ཁོངས་གཏོགས་ཁུལ་ཡོངས་ཀྱི་ཚབ་འཕྲི་ཁྲལ་སློག་གི་ལས་འགན་ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-05

    རྒྱལ་ཁབ་གསེར་མཛོད་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་མཛོད་ཁང་གིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་ཁྲལ་དོན་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ཁོངས་གཏོགས་ཁུལ་ཡོངས་ཀྱི་ལོ་འཁོར་གྱི་ཚབ་འཕྲི་ཁྲལ་སློག་གི་ལས་འགན་སྔ་ནུར་དུ་ལེགས་སྒྲུབ་བྱས་ཤིང་། ཟླ་6ཚེས་15ཉིན་བར་ཁོངས་གཏོགས་དུད་ཚང་233ལ་ཚབ་འཕྲི་ཁྲལ་སློག་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་8.5ཟིན་པ་དང་། ཁྲལ་སློག་གི་མྱུར་ཚད་100%ཟིན་ནས་དམིགས་གཏན་འཁེལ་བའི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞི་ཁྱོན་ཆེ་བའི་གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་གི་སྲིད་ཇུས་ཀྱི་ཕན་པ་མགྱོགས་མྱུར་ཐོན་པར་བྱས་ཏེ། ཁྲོམ་རའི་བྱེད་པོར་རོགས་སྐྱོར་བྱས་ནས་དཀལ་ཚེགས་ཆེན་པོ་ལས་སྒྲོལ་བར་སྲིད་ཇུས་ཀྱི་ཕན་པ་སྔར་བས་ཆེ་བ་ཐོན་ཆེད། རྒྱལ་ཁབ་དངུལ་མཛོད་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་མཛོད་ཁང་གིས་ནོར་ཁྲལ་སྡེ་ཚན་དང་མཉམ་དུ། ནོར་ཁྲལ་མཛོད་ཀྱི་མཉམ་འབྲེལ་ཚོགས་འདུ་ཐེངས་མང་འཚོགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོས་པའི་ཚོགས་སྒྲིག་རྣམ་པའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཞིབ་ཚགས་སུ་བཏང་བ་མ་ཟད། ཆེད་མི་བཀོད་སྒྲིག་བྱས་ཏེ་འབྲེལ་ཡོད་ལམ་ལུགས་དང་ཞིབ་བསྡུར་དཔྱད་ཡིག་སློབ་སྦྱོང་བྱས་ནས། ཁྲལ་བསླུ་དང་ཁ་གསབ་གཡོ་ལེན་གྱི་བྱེད་སྤྱོད་སྔོན་འགོག་བྱས་ཏེ། སྲིད་ཇུས་ཕན་ཆེའི་ངང་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།