དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་དམག་དཔུང་གིས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཕྱི་རྒྱལ་གྱི་མི་སྣས་གདེང་འཇོག་ཆེན་པོ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-08-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་1ཉིན་གློག་འཕྲིན་འབྱོར་གསལ། “བརྒྱད་གཅིག”དམག་བཙུགས་དུས་ཆེན་སྐབས་སུ་ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་དང་གཞུང་ཚབ་ཚོགས་པས་བྱེད་སྒོ་སྤེལ་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུས་པ་རེད། བྱེད་སྒོར་ཞུགས་མཁན་ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད། ད་དུང་ཀྲུང་གོ་ཕྱོགས་དང་སྤེལ་རེས་དང་མཉམ་ལས་སྔར་བས་གཏིང་ཟབ་བྱེད་འདོད་ཀྱང་ཡོད་ཅེས་བརྗོད་པ་རེད།

    ལོ་སིའི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའི་པུའུ་ཀྲང་གཅིག་ལྕོགས་ཀྲན་ཧྲ་མོང་གིས། ལོ་ཀྲུང་དམག་གཉིས་ཀྱིས་སྤེལ་རེས་དང་མཉམ་ལས་བྱས་པར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་མ་ཟད། ཀྲུང་གོའི་དམག་དཔུང་དང་མཉམ་དུ་ལོ་ཀྲུང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་འདོད་ཡོད་ཅེས་ཀྱང་བརྗོད་པ་རེད། ལོ་སིའི་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་ཕུང་ཁེན་གྱིས། ལོ་སིའི་ཏང་སྲིད་དམག་ཉེན་དམངས་ཀྱིས་སྔར་ནས་ད་བར་ཀྲུང་གོས་ལོ་སིར་སྒེར་སེམས་མེད་པའི་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཨེ་ཙེ་ཨོ་ཕི་ཡའི་རྒྱལ་སྲུང་པུའི་པུའུ་ཀྲང་ཡཱ་པོ་ལཱ་ཧན་གྱིས། གོ་ལ་ཧྲིལ་པོའི་ཞི་བདེ་དང་བདེ་འཇགས་ལས་དོན་ཁྲོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་བྱས་པ་དང་འབྲེལ། རྒྱལ་ཁབ་གཉིས་དང་དམག་གཉིས་དབར་གྱི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། ཨེ་ཙེ་ཨོ་ཕི་ཡའི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་ཚན་མོའུ་ཀྲང་པེ་ཧ་ནུའུ་ཡིས། ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོས་རྒྱལ་སྲུང་དང་བདེ་འཇགས་ཁྱབ་ཁོངས་སུ་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་དང་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་གི་ཡོད། འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་སྔར་ལས་ལྷག་པ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    ཨེ་ཅིབ་ཀྱི་རྒྱལ་སྲུང་པུའི་པུའུ་ཀྲང་གི་ལས་རོགས་ཧ་ལི་ཏི·མུའུ་ཅཱ་ཝེར་གྱིས། ཨེ་ཅེབ་ཀྱི་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་སི་ལིང་རྒྱལ་སྲུང་དང་དམག་དོན་ཐོན་སྐྱེད་པུའི་པུའུ་ཀྲང་མུའུ་ཧན་མོ་ཏི·ཀྲ་ཅིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་95འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་བརྒྱུད་བསྒྲགས་བྱས་པ་དང་། དམག་གཉིས་ཀྱི་མཛའ་གྲོགས་མཉམ་ལས་འབྲེལ་བར་ཚད་མཐོའི་གདེང་འཇོག་བྱས་པ། དམག་གཉིས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བཏོན་པ། དམག་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུའི་སྨོན་འདུན་ཞུས་པ་རེད།

    ལེ་པ་ནོན་གྱི་དྲག་ཆས་དཔུང་སྡེའི་ཚན་མོའུ་ཀྲང་གཞོན་པ་ནཱ་ཤིས་ཕུའུ་ཡིས། ལེ་པ་ནོན་གྱི་དྲག་ཆས་དཔུང་སྡེའི་སི་ལིང་ཨའོ་ཨེན་གྱི་ཚབ་ཞུས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ལེ་པ་ནོན་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། དམག་གཉིས་ཀྱིས་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    རང་རྒྱལ་གྱི་གཞུང་ཚབ་ཁང་དང་གཞུང་ཚབ་ཚོགས་པས་རྟེན་འབྲེལ་བྱེད་སྒོའི་ཐོག་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་པའི་དངོས་མཚོན་གློག་བརྙན《ཞི་བདེའི་ཆེད་དུ་དམག་ལ་སྐྱོད》བསྟན་པ་དང་། 《ཀྲུང་གོའི་དམག་དཔུང་གི་ལོ་བཅུ》ཡི་པར་རིས་འགྲེམས་སྟོན་བྱས་པ་རེད། ཀྲུང་གོའི་དམག་དཔུང་གིས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཕྱི་རྒྱལ་གྱི་མི་སྣས་བསྔགས་བརྗོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།