དབུ་ཤོག>གསར་འགྱུར།
  • ཀྲུང་ལོའི“ཞི་བདེའི་མེ་འཁོར--2022”ཀྱི་མི་ཆོས་རིང་ལུགས་ཀྱི་གསོ་རིག་རོགས་སྐྱོབ་མཉམ་འབྲེལ་ནང་སྦྱོང་མཇུག་འགྲིལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-08-03

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོ་དང་ལོ་སིའི“ཞི་བདེའི་མེ་འཁོར—2022”ཀྱི་མི་ཆོས་རིང་ལུགས་ཀྱི་གསོ་རིག་རོགས་སྐྱོབ་མཉམ་འབྲེལ་ནང་སྦྱོང་དང་སྨན་བཅོས་ཞབས་ཞུའི་བྱེད་སྒོ་མཇུག་འགྲིལ་ཞིང་། ཉེ་ཆར་མཇུག་འགྲིལ་མཛད་སྒོ་ལོ་སིའི་རྒྱལ་ས་ཝན་ཐེན་གྱི་ལོ་སིའི་མི་དམངས་དམག་གི་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་ཡི་ཚོགས་ཁང་དུ་གཉེར་བ་དང་། ལོ་སིའི་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་ཧྥེང་ཁན་གྱིས་ཀྲུང་གོའི་དམག་དཔུང་གི་སྨན་བཅོས་རུ་ཁག་གི་འཐུས་མི་10ལ“མཛའ་གྲོགས་གཟེངས་རྟགས”སྤྲད་པ་རེད།

    ཀྲུང་གོ་ཕྱོགས་ཀྱི་མཛུབ་ཁྲིད་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་ཀྲུང་དབྱང་དམག་ཨུད་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་པུའི་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཁྲུན་མིང་གིས། ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་དང་ལོ་སིའི་དམག་གཉིས་ཀྱིས་འཕྲོད་བསྟེན་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཁྱབ་ཁོངས་སུ་སླར་ཡང་མཉམ་ལས་གཏིང་ཟབ་དང་ལག་ལེན་འཚོལ་ཞིབ་བྱས་པ་ཞིག་ཡིན་ཞིང་། དེས་དམག་གཉིས་ཀྱི་མཉམ་འབྲེལ་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། དམག་གཉིས་དབར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་པའི་མཛའ་གྲོགས་ཟབ་ཏུ་ཕྱིན་ནས་འཕྲོད་བསྟེན་དང་རྒྱབ་ཕྱོགས་མཁོ་སྒྲུབ་སྤེལ་རེས་ཀྱི་ལམ་བུ་གསར་པ་དང་མཉམ་ལས་གཉིས་ཁེའི་ལས་སྟེགས་གསར་པ་གཏོད་རྒྱུར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་ཅེས་བརྗོད།

    ལོ་སིའི་མི་དམངས་དམག་གི་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའི་པུའུ་ཀྲང་ཁན་ཕེ་ཡིས་ཤིས་ཚིག་སྒྲོན་སྐབས། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་འཕྲོད་བསྟེན་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཐད་ཀྱི་ལོ་སི་དང་ཀྲུང་གོའི་དམག་གཉིས་ཀྱི་ཆེད་ལས་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ཕྱོགས་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོས་ད་ཐེངས་ཀྱི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བའི་རྨང་གཞིའི་ཐོག་གཞི་ཁྱོན་དེ་བས་ཆེ་བ་དང་ནང་དོན་དེ་བས་རྒྱ་ཆེ་བའི་མཉམ་ལས་སྤེལ་རེས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།