དབུ་ཤོག>གསར་འགྱུར།
  • མེ་ཏོག་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-27

    87d2f21b-df33-46db-8cc2-8044233da15c.jpg.jpg

    ཀོང་པོའི་མེ་ཏོག་ལུང་གཞུང་ནི་བྲག་ཡིབ་ཆུས་བུ་ཆུ་ཤང་དུ་གནས་པ་དང་། དེ་ནི་ས་མཐོའི་མེ་ཏོག་རྩི་ཤིང་དང་ཤིང་ཏོག་ལན་མའེ་འདེབས་འཛུགས་སོགས་མཉམ་འདྲེས་ཀྱི་གྲོང་གསེབ་སྐྱེ་ཁམས་ཞིང་ལས་ཡུལ་སྐོར་རྣམ་གྲངས་ཀྱི་མཛེས་ལྗོངས་ཁུལ་ཞིག་ཡིན། རྣམ་གྲངས་ལག་ལེན་བསྟར་བ་ལས་གྲོང་གསེབ་མཛེས་སུ་ཕྱིན་པ་མ་ཟད། གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཚོ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་སྟེ་ཡོང་འབབ་ཀྱི་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད་པ་རེད། ཉེ་དུས་མེ་ཏོག་ལུང་གཞུང་དུ་བཞད་པའི་རྒྱ་སེའི་མེ་ཏོག་ལས་གྲོང་མི་དང་། ཡུལ་སྐོར་བ། པར་ལེན་ལ་དགའ་མཁན་བཅས་མང་པོ་ཞིག་དེར་ལྟ་སྐོར་དང་པར་རྒྱག་པར་འོང་བའི་ཡིད་དབང་བཀུག་ཅིང་། འདི་ནི་ཡུལ་སྐོར་བས་རྒྱ་སེའི་མེ་ཏོག་གི་གསེང་དུ་པར་ལེན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།