དབུ་ཤོག>གསར་འགྱུར།
  • འདི་ལོ་ཚུན་དུ་ཨ་རིའི་བྱིས་པ་ཁྲི་600ལྷག་ཙམ་ལ་ཏོག་གསར་རིམས་ནད་འགོས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-07-21

    ཚེས་18ཉིན་ཨ་རིའི་བྱིས་ནད་ཚན་ཁག་གི་རིག་གཞུང་ལྷན་ཚོགས་དང་བྱིས་པའི་སྨན་ཁང་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་གསར་ཤོས་ལས་མངོན་པར། འདི་ལོ་ཚུན་ཨ་རིར་བྱིས་པ་ཁྲི་600ལྷག་ཙམ་ལ་ཏོག་གསར་རིམས་ནད་འགོས་ཡོད་པ་རེད།

    སྙན་ཞུ་ལས་མངོན་པར། ཚེས་14ཉིན་བར་གྱི་གཟའ་འཁོར་གཅིག་རིང་། ཨ་རིར་ཏོག་གསར་རིམས་ནད་འགོས་པའི་བྱིས་པ་ཁྲི་7.5ལྷག་ཙམ་མང་དུ་ཕྱིན་པ་དང་། གཟའ་འཁོར་གཅིག་རིང་གི་འཕར་ཚད་དེ་ནི་ན་ནིང་གི་དུས་སྐབས་གཅིག་པའི་ལྡབ་3ལྷག་ཙམ་ཡིན་པ་རེད། འདས་ཟིན་པའི་གཟའ་འཁོར་4ཡི་ནང་ཨ་རིར་ཏོག་གསར་རིམས་ནད་ཕོག་པའི་བྱིས་པ་ཁྲི་28.7ཙམ་མང་དུ་ཕྱིན་ཡོད་པ་རེད། ཏོག་གསར་རིམས་ནད་ཐོན་པ་ནས་བཟུང་། ཨ་རིར་བྱིས་པ་ཁྲི་1390ལྷག་ཙམ་ལ་ཏོག་གསར་ནད་དུག་འགོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།