དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པའི་དམག་གྲུའི་དཔུང་རུ་ཞི་བདེ་རྒྱ་མཚོ་ཆེ་མོའི་བྱང་རྒྱུད་དུ་ཉ་ལས་ཁྲིམས་འཛིན་སྐོར་གཡེང་བྱེད་པར་བསྐྱོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-07-21

    གསར་འགོད་པར་ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས་ཀྱི“ཁྲང་ཧྲན་དམག་གྲུ”དང“ཧྲི་ཁྲེང་དམག་གྲུ”ལས་གྲུབ་པའི་དམག་གྲུའི་དཔུང་རུ་ཚེས་18ཉིན་གྱི་སྔ་དྲོ་ཐོན་ནས་ཞི་བདེ་རྒྱ་མཚོ་ཆེ་མོའི་བྱང་རྒྱུད་ཀྱི་སྤྱི་མཚོའི་ཐོག་དུས་ཡུན་ཉིན་45ཡི་ཉ་ལས་ཁྲིམས་འཛིན་སྐོར་གཡེང་གི་ལས་འགན་སྒྲུབ་པར་བསྐྱོད་པ་རེད།

    ཞི་བདེ་རྒྱ་མཚོ་ཆེ་མོའི་བྱང་རྒྱུད་ཀྱི་སྤྱི་མཚོའི་ཐོག་ཉ་ལས་ཁྲིམས་འཛིན་སྐོར་གཡེང་བྱེད་པ་ནི་རང་རྒྱལ་གྱིས་རྒྱལ་སྤྱིའི་འོས་འགན་ཧུར་ཐག་བསྒྲུབས་ནས་འགན་འཁུར་བའི་རྒྱལ་ཁབ་ཆེ་མོའི་གཟུགས་བརྙན་མངོན་པར་བྱས་པའི་བྱ་ཐབས་གལ་ཆེན་ཞིག་རེད། སྐོར་གཡེང་བྱེད་རིང་མཚོ་ཐོག་ཉེན་རྟོག་པའི་དམག་གྲུའི་དཔུང་རུས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་དང《ཞི་བདེ་རྒྱ་མཚོ་ཆེ་མོའི་བྱང་རྒྱུད་ཀྱི་སྤྱི་མཚོའི་ཉ་ལས་ཐོན་ཁུངས་བདག་སྐྱོང་དང་དོ་དམ་སྤྱི་ཆིངས》ལ་གཞིགས་ནས་ཞི་བདེ་རྒྱ་མཚོ་ཆེ་མོའི་བྱང་རྒྱུད་ཀྱི་སྤྱི་མཚོའི་ལས་སྒྲུབ་ཉ་གྲུར་དྲིལ་བསྒྲགས་སློབ་གསོ་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྲིམས་འགལ་ངང་ཉ་འཛིན་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ཞི་བདེ་རྒྱ་མཚོ་ཆེ་མོའི་བྱང་རྒྱུད་ཀྱི་སྤྱི་མཚོའི་ཉ་ལས་ཐོན་སྐྱེད་ཀྱི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།