དབུ་ཤོག>གསར་འགྱུར།
  • “འདུ་ཤེས་གསུམ”བརྟན་པོ་འཛུགས་རིང་དུས་རབས་གསར་པར་འབད་འཐབ་བྱེད་པའི་སྒུལ་ནུས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2022-07-20

    བོད་འདི་ཉིད་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་ངོས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི“འདུ་ཤེས་གསུམ”བརྟན་པོ་འཛུགས་པ་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་སྒྲུབ་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བར་དེ་བས་མངོན་གསལ་དོད་པ་དང་དེ་བས་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། ན་ནིང་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ཏེ་ལྗོངས་ཡོངས་སུ“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། ཐབས་ཇུས་བཀོད་སྒྲིག་དེ“གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ལ་གཞི་ཚུགས་པ་དང་། བོད་ཀྱི་ལས་དོན་གྱི“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པར་གཞི་ཚུགས་ནས། བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ནང་གི་དམིགས་བསལ་གལ་ཆེའི་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པའི་སྤྱི་ཡོངས་ཀྱི་མིག་རྒྱང་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཕུགས་ཀྱི་མིག་རྒྱང་ལ་བརྟེན་ནས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་བསམ་བློའི་ཐོག་ནས་གཞི་སྒྱུར་རྩ་སྒྱུར་བྱེད་པའི་གཙོ་གནད་དམ་འཛིན་ཐུབ་པ་དང་། ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་དེ་འདུ་ཤེས་ཐོག་ནས་རྨང་གཞི་བརྟན་དུ་གཏོང་བའི་འགག་རྩ་དམ་འཛིན་ཐུབ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་བྱ་སྤྱོད་ཐོག་ནས་ཟབ་ཏུ་གཏོང་བའི་གཙོ་གནད་དམ་འཛིན་ཐུབ་པ། ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་རྒྱུ་དེ་མི་སེམས་ཐོག་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བའི་རྨང་གཞིར་དམ་འཛིན་ཐུབ་ཡོད། ང་ཚོས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་། ལྟེ་བའི་དོན་གནད། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློའི་ངོས་འཛིན་གཅིག་གྱུར་དང་། ལས་འགན་གཙོ་བོ་ཁ་གསལ། འགན་འཁྲི་དོན་འཁྱོལ་བཅས་སྔར་ལས་ལྷག་པར་བྱས་ནས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”མངོན་འགྱུར་ཡོང་བར་བྱ་ཆེད་བསམ་བློའི་འགན་ལེན་དང་། མང་ཚོགས་ཀྱི་རྨང་གཞི། བསམ་པའི་སྒུལ་ཤུགས་བཅས་མཁོ་འདོན་བྱེད་དགོས།

    ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པར་བྱེད་དགོས། ང་ཚོས་རང་རྟོགས་ངང་སྤྱི་ཡོངས་དང་། བརྒྱུད་རིམ་ལྡན་པ། ཕྱོགས་ཡོངས་བཅས་ཀྱི་ཐད་ནས་གནད་དོན་ལ་བལྟས་ནས། ལྗོངས་ཡོངས་ཀྱི“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་ནི་མང་ཚོགས་ཀྱི་བསམ་བློའི་སློབ་གསོར་ཤུགས་སྣོན་དང་ལེགས་སུ་གཏོང་བའི“འགག་རྩའི་ཐབས་ཤེས་གཅིག”ཡིན་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པ་མ་ཟད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་འཐབ་ཇུས་རང་བཞིན་གྱི་ལས་འགན་དོན་འཁྱོལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བསམ་བློའི་རྨང་གཞི་དོན་འཁྱོལ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་ཀྱི་རྨང་གཞི་དང་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ། ཁྲིམས་བཞིན་བོད་སྐྱོང་བའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་བོད་ཀྱི་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བའི་རྨང་གཞི་གལ་ཆེན་བཅས་ཀྱང་དེ་བས་ཡིན།

    མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ནས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་ལྟེ་བའི་དོན་སྙིང་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་འདུ་ཤེས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོར“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་བར་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་དམངས་ཀྱི་འདུ་ཤེས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱལ་ཁབ་ཀྱི་བདག་པོའི་འདུ་ཤེས་བརྟན་པོར་འཛུགས་པ། ཁེ་དབང་དང་འོས་འགན་གྱི་ལྟ་བ་ཡང་དག་འཛུགས་པ། དཔའ་ངར་ཆེར་སྐྱེད་ཀྱི་སྤྱི་དམངས་ཀྱི་གཤིས་རྒྱུད་སྐྱེད་སྲིང་བཅས་བྱས་ནས་རྒྱལ་ཁབ་དང་། མི་དམངས། སྤྱི་ཚོགས་བཅས་ལ་ལེགས་སྐྱེས་འབུལ་བའི་འགན་འཁྲིའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་འདུ་ཤེས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ། སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་འཛུགས་པ་དང་དར་སྤེལ་གཏོང་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱེད་པ། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན་པའི”བསམ་བློ་བརྟན་པོར་འཛུགས་པ་བཅས་བྱས་ནས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་རང་རྟོགས་ངང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་ལག་ལེན་གྱི་བླང་བྱར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པར་བྱེད་དགོས། ལྗོངས་ཏང་ཨུད་ཀྱིས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་དེ་དུས་རབས་གསར་པར་མང་ཚོགས་ཀྱི་བསམ་བློའི་སློབ་གསོར་ཤུགས་སྣོན་དང་ལེགས་སུ་གཏོང་བའི་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ཏེ་ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཨུད་ཀྱིས་གཅིག་གྱུར་ཐོག་འགན་འཁུར་བ་དང་། དྲིལ་བསྒྲགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་འགན་འཁུར་བ། སྡེ་ཚན་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་མཉམ་ལས་བྱེད་པ། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། སྟོན་ཕྱོགས་གསལ་པོ་འཛུགས་པར་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་གྲུབ་འབྲས་དངོས་ལ་བརྟེན་ནས་གདེང་འཇོག་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བར་དཔྱད་དཔོག་མ་ལག་དང་དཔྱད་དཔོག་ཚད་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྕག་སྐུལ་དང་སྐུལ་ཁྲིད་ལ་དམ་འཛིན་ནན་པོ་བྱེད་པ། ལེགས་ཆ་བརྟན་གཏོང་དང་ཞན་ཆ་སེལ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། དྲིལ་བསྒྲགས་སློབ་གསོའི་ལས་དོན་ཁག་སྤུས་ཚད་མཐོ་པོ་དང་ཚད་གཞི་མཐོ་པོས་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

    རིམ་པ་ཁག་དང་སྡེ་ཚན་ཁག་གིས་དྲིལ་བསྒྲགས་དང་སྒྲོག་འགྲེལ་དམ་འཛིན་བྱ་གཞིར་བྱས་ནས། གཞི་རིམ་དང་མང་ཚོགས་ཁྲོད་ཚ་རླབས་འཕྱུར་བ་མཐའ་འཁྱོངས་ཀྱིས་ཟུང་འབྲེལ་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དམངས་ཡོངས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་མ་ལག་འཛུགས་སྐྱོང་དང་ཟུང་འབྲེལ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་པའི་འདུ་འགོད་དང་ཟུང་འབྲེལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཅས་སྤེལ་བ་དང་ཟུང་འབྲེལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བཅས་བྱས་ནས། དྲིལ་བསྒྲགས་སློབ་གསོ་དེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“སློབ་ཁང་གཙོ་བོ”དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི“སོན་འདེབས་འཕྲུལ་འཁོར”“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས་ཤུགས་རྒྱག་པའི“སྣུམ་སྣོན་ས་ཚིགས”བཅས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས། མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ། རིམ་ལྔའི་སྒྲོག་འགྲེལ་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་འགུལ་ངང་གྲོས་དོན་བཀོད་སྒྲིག་དང་། ཕན་ཚུན་སྤེལ་རེས་མངོན་གསལ་དོད་པོ། མང་ཚོགས་ཐེ་ཞུགས་བྱེད་ལུགས་མངོན་པ་བཅས་བྱེད་པ། བརྩེ་བ་ལྡན་པ་དང་། ནང་དོན་གསར་པ། མང་ཚོགས་དང་འབྲེལ་འདྲིས་ཟབ་པ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། མི་རིགས་ཁག་གི་མང་ཚོགས་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་དང་དེའི་ནང་ཞུགས་པའི་སྤྲོ་སེམས་སྐུལ་སློང་གང་ལེགས་བྱས་ཏེ་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་སྒུལ་ནུས་ཆེན་པོ་ཞིག་ཏུ་བསྒྱུར་བར་བྱས་ཏེ། བྱ་སྤྱོད་དངོས་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།