དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཞིང་ལས་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-07-20

    ཀྲུང་གོ་གསར་འགྱུར་དྲ་བ་ལྷ་ས་ནས་ཟླ་7ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ཞིང་ལས་ཚན་རྩལ་བོད་སྐྱོར་ལས་དོན་སྤེལ་རེས་ཚོགས་འདུ་ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་སྤེལ་རེས་ཚོགས་འདུའི་ཐོག “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཞིང་ལས་ཚན་རྩལ་བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པ་དང་། དུས་བབ་གསར་པའི་འོག་གི་ཞིང་ལས་ཚན་རྩལ་གྱི་བོད་སྐྱོར་ལས་དོན་གྱི་བསམ་ཕྱོགས་བགྲོ་གླེང་དང་སྤེལ་རེས་བྱས་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཞིང་ལས་ཚན་རྩལ་གྱི་བོད་སྐྱོར་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། བོད་ཀྱི་ཞིང་འབྲོག་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་ཚུལ་ཁྲིམས་ཀྱིས། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཞིང་ལས་ཚན་རྩལ་གྱི་རོགས་སྐྱོར་དང་ལེན་གྱི་གནས་ཚུལ་དང་དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པའི”ལས་དོན་ལ་རྒྱང་ལྟ་བྱས་པའི་སྐོར་སྙན་སེང་ཞུས་ཤིང་། ཁོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཞིང་ལས་ཚན་རྩལ་གྱི་ཤེས་ལྡན་མི་སྣ་དང་། ལག་རྩལ། རྣམ་གྲངས། དོ་དམ་བཅས་ཀྱི་བོད་སྐྱོར་གྲུབ་འབྲས་མངོན་གསལ་དོད་ཅིང་། “ལོ་ལྔ་ཚན་བཅུ་བཞི་པར”བོད་ཀྱི་ཞིང་འབྲོག་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་ཆེད། ས་མཐོའི་ཞིང་ལས་ཚན་རྩལ་གྱི་མཉམ་འབྲེལ་གསར་གཏོད་ལྟེ་གནས་འཛུགས་རྒྱུ་དང་། གྲངས་འཛིན་བོད་ལྗོངས་ཀྱི་ཞིང་ལས་ཚན་རྩལ་ཆ་འཕྲིན་ལས་སྟེགས་མ་ལག་བསྐྲུན་རྒྱུ། ཞིང་ལས་ཚན་རྩལ་ཤེས་ལྡན་མི་སྣ་མཉམ་དུ་གསོ་སྐྱོང་དང་མཉམ་སྤྱོད་ཀྱི་ལམ་སྲོལ་གསར་གཏོད་བྱེད་རྒྱུ་བཅས་ཡིན་ཞེས་བརྗོད་པ་རེད།

    ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲང་ཧོ་ཁྲེང་གིས། བོད་ཀྱི་ཞིང་འབྲོག་ལས་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རམ་འདེགས་བྱེད་པར་བྱ་སྤྱོད་ཁག་གསུམ་སྤེལ་དགོས་པ་སྟེ། ས་མཐོའི་ཁྱད་ལྡན་ཞིང་ལས་གསར་གཏོད་ཚོགས་པ་འཛུགས་པའི་བྱ་སྤྱོད་སྤེལ་རྒྱུ་དང་། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་རིམ་སྤོར་བྱ་སྤྱོད་སྤེལ་རྒྱུ། ས་ཁུལ་དང་གྲོང་ཁྱེར་གྱི་ཞིང་ལས་ཚན་རིག་ཁང་སྟོབས་ཆེར་གཏོང་བའི་བྱ་སྤྱོད་སྤེལ་རྒྱུ་བཅས་ཡིན། བྱ་བ་དངོས་ཁག་ལྔ་ཡག་པོ་སྒྲུབ་དགོས་པ་སྟེ། རིགས་གཅིག་མཁས་ཅན་མངགས་རྒྱུ་དང་། ལག་རྩལ་གཤམ་དུ་སྤེལ་རྒྱུ། བྱེད་ཐབས་འདོན་རྒྱུ། མིག་དཔེ་བསྟན་རྒྱུ། གསོ་སྦྱོང་བྱ་རྒྱུ་བཅས་ཡིན་ཞེས་བརྗོད་པ་རེད།

    ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཀྲེང་ཀྲོའུ་འབྲས་ཤིང་སུའོ་ཡི་སུའོ་ཀྲང་ཧྥང་ཅིན་པའོ་ཡིས། “ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་འཆར་གཞི་ངོ་སྤྲོད་བྱས་ཤིང་། ཁོང་གིས་ས་མཐོའི་ཞིང་ལས་ཚན་རྩལ་མཉམ་འབྲེལ་གསར་གཏོད་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཚན་རྩལ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཚོ་བོད་ས་མཐོའི་ཤིང་འབྲས་ལས་རིགས་འཕེལ་རྒྱས་དང་ཚན་རྩལ་མཉམ་ལས་བྱེད་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། རྫོང་ཁོངས་ཀྱི་གྲོང་གསེབ་དར་རྒྱས་དང་མཉམ་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་རམ་འདེགས་བྱེད་རྒྱུ་བཅས་ཡིན་ཞེས་བརྗོད་པ་རེད།

    ཚོགས་འདུའི་མཇུག་ཏུ། ས་མཐོའི་ཞིང་ལས་ཚན་རྩལ་མཉམ་འབྲེལ་གསར་གཏོད་ལྟེ་གནས་ཀྱི་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲང་ཧོ་ཁྲེང་དང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་ཚུལ་ཁྲིམས། ཀྲུང་གོ་ཆུ་ཐོན་དངོས་རྫས་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ལིན་ཤང་མིང་། ཞིང་ལས་དང་གྲོང་གསེབ་པུའི་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཀྲང་ཡན་ཆིང་བཅས་ཀྱིས་མཉམ་དུ་མདུན་དུ་ཡོང་ནས་སྤྱོད་འགོ་བཙུགས་པ་རེད། ད་ཐེངས་ཀྱི་ཚོགས་འདུ་དེ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་དང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་གཉེར་འགན་ཁུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།