དབུ་ཤོག>གསར་འགྱུར།
  • ལས་སྒྲུབ་གཙོར་བཟུང་གིས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོ་དང་ལས་ཕྱོད་ཆེན་པོས་ལེགས་སྒྲུབ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-19

    སྤྱོད་ཚུལ་ལས་ཏང་གཤིས་ལེགས་པར་མངོན་པ་དང་སྤྱོད་ཚུལ་ནི་སྟོབས་ཤུགས་རེད། ན་ནིང་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། དམ་པ་དོན་གཉེར་དང་རང་འགན་ཐེག་པ་འཁུར་ལེན་མཐའ་འཁྱོངས་ཀྱིས་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྔ་རྗེས་སུ“ངེས་པར་དུ་བྱེད་དགོས་པ་བརྒྱད”དང“མིག་དཔེ་དྲུག”གི་ལས་ཀའི་བླང་བྱ་བཏོན་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བསམ་འཆར་བཟོས་ནས་བཏོན་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུ་ཆེད་མངགས་སྐོང་ཚོགས་བྱས་པ་མ་ཟད། ཆེད་དོན་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་ཡང་བཙུགས་ནས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེ་བོད་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མིག་ལྟོས་དང་ཏང་ཀྲུང་དབྱང་ལ་མིག་ལྟོས་མཐའ་གཅིག་ཏུ་བྱས་ཏེ་བློ་གཅིག་སེམས་གཅིག་གིས་བྱ་གཞག་སྒྲུབ་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུའི་འགན་ལེན་བྱེད་པར་ངེས་པར་དུ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་བརྟེན་ནས་འགན་སྲུང་བྱས་ཏེ། “དོན་ཆེན་བཞི”ལ་དམ་འཛིན་ནན་པོ་དང་། “འགན་ལེན་བཞི”མངོན་འགྱུར། “འཛུགས་གཏོད་བཞིར”སྐུལ་འདེད། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བཅས་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཚེ་གཞི་ནས་མངོན་འགྱུར་ཡོང་ཐུབ།

    སྤྱོད་ཚུལ་བཟང་པོར་བརྟེན་ན་ལམ་བུ་གསར་པ་གཏོད་ཐུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ན་བྱས་རྗེས་གསར་པ་གཏོད་ཐུབ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་དེ“ཆབ་སྲིད་ཀྱི་ཆ་རྐྱེན་ཨང་དང་པོར”བརྩིས་ནས་ལས་དོན་སྒྲུབ་པ་དང“བརྩི་སྲུང་བྱ་ཡུལ་ཨང་དང་པོར”བརྩིས་ནས་དོན་འཁྱོལ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱོད་ཚུལ་བཤེར་ནས་ཐོག་མའི་བསམ་འདུན་འདྲི་རྩད་དང་། འགན་འཁྲི་བཤེར་ནས་ཁུར་ལེན་འདྲི་རྩད། སྐྱོན་ཆ་བཤེར་ནས་ཞན་ཆ་འདྲི་རྩད། དོན་འཁྱོལ་བཤེར་ནས་ཕན་འབྲས་འདྲི་རྩད་བཅས་བྱེད་པ་དང་། གདོང་མཆོང་བྱེད་ཕོད་པ་དང་ལས་དོན་སྒྲུབ་ཕོད་པ་དང་། ལས་དོན་མཐའ་དག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ཀྱི་སྒོ་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། སེམས་ནུས་གཅིག་སྒྲིལ་གྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་པ། མཐའ་དར་དམངས་ཕྱུག་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་ལ་གྲུབ་འབྲས་གསར་པ་ཐོབ་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བར་གོམ་སྟབས་གསར་པ་སྤོས་ཡོད་པ་རེད།

    འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུའི་ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་འགོ་ཚུགས་པའི་འགག་རྩའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་ཀྱང་ཡིན་པས། སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་དང་། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན། ལས་དོན་ཁག་གི་འཕེལ་རིམ་བཅས་ལ་ཞིབ་བསྡུར་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱེད་པ། དངོས་སྒྲུབ་ཀྱི་གཅུས་གཟེར་དམ་དུ་གཏོང་བ་དང་། དོན་འཁྱོལ་གྱི་ཐོ་བ་ཤུགས་ཀྱིས་རྡུང་བ། ལས་རྗེས་དང་ཕན་འབྲས་དངོས་ལ་དམ་པོར་དམིགས་པ་བཅས་བྱས་ནས། རྣམ་གྲངས་ཅན་དང་། ཞིབ་ཕྲ་ཅན། གསལ་ཐོ་ཅན་བཅས་ཀྱི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས།

    དངོས་སྒྲུབ་ནི་འཇོན་ཐང་དང་དོན་འཁྱོལ་ནི་ཆུ་ཚད་ཡིན། དོན་འཁྱོལ་དམ་འཛིན་བྱེད་པར་རྩོད་སྒྲུབ་རིག་པ་བེད་སྤྱོད་ཡག་པོ་བྱེད་པ་དང་། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་མཁས་པོ་བྱེད་པ། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་མིག་སྔའི་ལྗོངས་ཡོངས་ཀྱི་གཙོ་གནད་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རང་ལྗོངས་ཀྱིས་བཏོན་པའི་དཔལ་འབྱོར་བརྟན་དུ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ཁག་38དོན་འཁྱོལ་ཡག་པོ་བྱས་ནས་ཁྲོམ་རའི་བྱེད་པོའི་དཀའ་ངལ་སེལ་རོགས་དང་ལས་ཞུགས་ལས་གནས་བརྟན་པོ་ཡོང་བ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པའི་འགན་ལེན་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ། སྐྱེ་ཁམས་དམངས་ཕྱུག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྐྱེ་ཁམས་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གནད་དོན་དག་ཐེར་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་པོ་ཡོང་བའི་འགན་ལེན་བྱེད་དགོས་པ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་ཆུ་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་ཤུགས་ཆེན་འགྲོ་བར་སྐུལ་འདེད་བཏང་སྟེ་མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ། “འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས། སྤྱི་ཚོགས་ཡོངས་ཀྱི“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཟབ་ཏུ་བཏང་སྟེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།

    འགན་འཁུར་ཕོད་པ་བྱས་ཚེ་གཞི་ནས་བྱ་གཞག་ཆེན་པོ་སྒྲུབ་ཐུབ་པ་དང་བྱས་རྗེས་འཇོག་ཕོད་ཚེ་གཞི་ནས་གྲུབ་འབྲས་ཆེན་པོ་ཐོབ་ཐུབ། བྱ་བ་དངོས་སྒྲུབ་པ་ནི་སྤྱོད་ཚུལ་ལ་ཞུན་བརྡར་བྱེད་པའི་རྒྱུགས་ར་ཆེན་པོ་ཞིག་ཡིན་པ་དང་། དོན་འཁྱོལ་ལ་དམ་འཛིན་ཡག་པོ་སྤྲས་པ་ནི་བྱས་རྗེས་ལ་ཞིབ་བཤེར་བྱེད་པའི་བྱེད་ཐབས་ཤིག་ཡིན་པས། རིམ་ཁག་འགོ་ཁྲིད་ལས་བྱེད་པས“ངེས་པར་དུ་བྱེད་དགོས་པ་བརྒྱད”དང“མིག་དཔེ་དྲུག”གི་བླང་བྱ་དང་ཡང་ཡང་བསྡུར་ནས་སྣེ་ཁྲིད་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་ཀྱིས“སྲུང་སྐྱོང་གཉིས”ཀྱི་ཐད་མིག་དཔེ་འདོན་པ་དང་། དམངས་ཆེད་སྲིད་བརྩོན་གྱི་ཐད་མིག་དཔེ་འདོན་པ། འགན་འཁུར་ཕོད་པའི་ཐད་མིག་དཔེ་འདོན་པ། མཐུན་སྒྲིལ་ལས་སྒྲུབ་ཐད་མིག་དཔེ་འདོན་པ། སྤྱོད་གཙང་གཞུང་དྲང་ཐད་མིག་དཔེ་འདོན་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་ཐད་མིག་དཔེ་འདོན་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ལས་ཀར་ཇུས་འགོད་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མངོན་པ་དང་། ལས་ཀར་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ལུགས་མངོན་པ། ལས་ཀར་ཞིབ་བཤེར་བྱས་ནས་ཆབ་སྲིད་ཀྱི་ཚད་གཞི་མངོན་པ་བཅས་བྱེད་པ། ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱས་ནས་རང་འགན་གཙང་སྒྲུབ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གྱིས་མཁྲེགས་སར་གཏུག་ཕོད་པ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་འདོན་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དེ་ལས་དོན་སྒྲུབ་པ། གོང་གིས་འོག་ལ་མིག་དཔེ་འདོན་པ་དང་། གོང་གིས་འོག་ལ་སྣེ་ཁྲིད། གོང་གིས་འོག་ལ་ལྟ་སྐུལ་བྱས་ཏེ་དོན་འཁྱོལ་བྱེད་ཐུབ་པ་དང་། དོན་འཁྱོལ་ཏན་ཏིག དོན་འཁྱོལ་ཡག་པོ་བཅས་ཀྱི་འགན་ལེན་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་རྒྱུ་དེ་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱ་རྒྱུ་དེ་རྒྱ་ཆེའི་ལས་བྱེད་ལས་བཟོའི་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བར་བྱེད་པ་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོར་བརྟེན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོ་དང་ལས་ཆོད་ཆེན་པོས་ལེགས་སྒྲུབ་ཡོང་བའི་འགན་ལེན་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།