དབུ་ཤོག
  • ཁྱེད་ཀྱིས་ཆུ་འཐུང་བའི་དུས་ཚོད་ཡག་ཤོས་ཤེས་སམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-07-13

    མི་འགའ་རེས་ཆུ་འཐུང་བའི་ཕན་ཡོན་ཤེས་ཀྱང་། ཆུ་ག་དུས་བཏུངས་ན་ཕན་ཐོགས་ཆེ་བ་ཤེས་ཀྱི་མེད། རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་པར་གཞིགས་ན། ཆུ་འཐུང་བའི་དུས་ཚོད་མི་འདྲ་བར་ཕན་ནུས་ཀྱང་མི་འདྲ་བ་ཡོད།

    ཐོ་རེངས་ཆུ་ཚོད་6∶30ལ་ཆུ་ཕོར་གང་བཏུངས་ན། གཟུགས་པོའི་ནང་གི་བཙོག་པ་ཕྱིར་འབུད་པ་དང་མཛེས་བཟོ་ལ་ཕན།

    ཞོགས་པའི་ཆུ་ཚོད་8∶30ལ་ཆུ་ཕོར་གང་བཏུངས་ན། འཕྲོད་སྦྱོར་བདེ་ཐང་ལ་ཕན།

    སྔ་དྲོའི་ཆུ་ཚོད་11∶30ལ་ཆུ་ཕོར་གང་བཏུངས་ན། ངལ་དུབ་སེལ་ནས་ལུས་པོ་ལྷོད་པོར་འགྱུར་ཐུབ།

    ཉིན་དགུང་ཆུ་ཚོད་12∶50ལ་ཆུ་ཕོར་གང་བཏུངས་ན། སེམས་པ་ཞི་ལྷོད་ཡོང་བ་དང་ཤ་སྐམ་དུ་འགྲོ་བར་ཕན་ནུས་ཆེ།

    ཕྱི་དྲོའི་ཆུ་ཚོད་3པར་ཆུ་ཕོར་གང་བཏུངས་ན། ཉོབ་མདངས་སེལ་ནས་རིག་པ་གསལ་དུ་འགྲོ་ཐུབ།

    ཕྱི་དྲོའི་ཆུ་ཚོད་5∶30ལ་ཆུ་ཕོར་གང་བཏུངས་ན། འཇུ་བྱེད་མ་ལག་དང་ཟས་ཀྱི་བཅུད་ལེན་པར་ཕན།

    དགོང་དྲོའི་ཆུ་ཚོད་10པར་ཆུ་ཕོར་གང་བཏུངས་ན། དུག་སེལ་ཐུབ་ལ། ལྷག་པར་དུ་སྙིང་ནད་གསོ་བར་ཕན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།