ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཆོས་ལུགས་ལས་རིགས་ཀྱིས“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས་ཆོས་ལུགས་ལས་རིགས་སུ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས《གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》བཟོས་ནས། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བར་ཚན་རིག་དང་མཐུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་རེད།
ལྷ་ས་གྲོང་ཁྱེར་གྱི“འདུ་ཤེས་གསུམ”གྱི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་ལས་དོན་སྔར་བས་ཡག་པོ་སྤེལ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ཀྱིས་ཙུའུ་ཀྲང་གནང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་ཙུའུ་ཀྲང་བྱེད་པའི་དྲིལ་བསྒྲགས་ཚོགས་ཆུང་དང་། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་། སྒྲོག་འགྲེལ་ཚོགས་ཆུང་བཅས་བཙུགས་པ་དང་འབྲེལ། “འཕྲལ་མར་སྒྲུབ་ཅིང་ལེགས་པར་སྒྲུབ་པའི”ལས་ཀའི་བླང་བྱ་གཞིར་བཟུང་། སྔ་རྗེས་སུ་གྲོང་ཁྱེར་ཡོངས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་། སྒྲོག་འགྲེལ་པ་གསོ་སྦྱོང་དང་སྒྲོག་འགྲེལ་སྐུལ་སློང་ཚོགས་ཆེན། དེ་བཞིན་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་4བཅས་འཚོགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་དང་། སྒྲོག་འགྲེལ་པའི་བྱང་ཚད་ནུས་ལྡན་མཐོ་རུ་བཏང་བ། ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་དང་འགག་ས་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་བས་མགྱོགས་མྱུར་ལས་འགོ་ཚུགས་པ་དང་། ལས་འགོ་ཡག་པོ་འཛུགས་པ། གོམ་པ་བརྟན་པོ་སྤོ་བ། སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པ་ལྷ་ས་ཡན་ལག་ཚོགས་པས་ལྷ་ས་གྲོང་ཁྱེར་གྱི“འདུ་ཤེས་གསུམ”གྱི་སློབ་གསོའི་ལས་དོན་ལ“ཨང་དང་པོ་གསུམ”གྱི་ཚད་མཐོའི་གདེང་འཇོག་བྱས་པ་སྟེ། ལྗོངས་ཡོངས་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་ཆེན་འཚོགས་མཁན་གྲོང་ཁྱེར(ས་ཁུལ)དང་པོ་དང་། ལྗོངས་ཡོངས་ཀྱི་སྒྲོག་འགྲེལ་པའི་གསོ་སྦྱོང་འཛིན་གྲྭ་གཉེར་མཁན་གྲོང་ཁྱེར(ས་ཁུལ)དང་པོ། ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་ཏུ“འདུ་ཤེས་གསུམ”གྱི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་མཁན་གྲོང་ཁྱེར(ས་ཁུལ)དང་པོ་བཅས་ཡིན་པ་དང་། “འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། “མདུན་གྲལ་དུ་སླེབས་པ་བཞི”ཐུབ་གང་ཐུབ་བྱེད་པ། “རུ་སྣེ་ཁྲིད་མཁན་བདུན”ཡག་པོ་བྱེད་པར་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ། སྟོབས་ཤུགས་གཅིག་སྡུད་བྱེད་པ། རྨང་གཞི་བཏིང་བ་བཅས་བྱས་ནས་ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་བྱས་ཡོད།
ལྷ་ས་གྲོང་ཁྱེར་གྱི“འདུ་ཤེས་གསུམ”གྱི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་སྒྲོག་འགྲེལ་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི》བཟོས་ནས། སྒྲོག་འགྲེལ་པ་117ལས་གྲུབ་པའི་གྲོང་ཁྱེར་རིམ་པའི་སྒྲོག་འགྲེལ་ཚོགས་པ་5བཙུགས་པ་རེད། མིག་སྔའི་བར་སྒྲོག་འགྲེལ་ཚོགས་པ་ཁག་གིས་རེས་སྐོར་དང་པོའི་སྒྲོག་འགྲེལ་ཁྱོན་ཡོངས་ལ་ཁྱབ་པར་གྲྭ་བཙུན་མི་ཐེངས་7500ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་གྱིས་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། འགན་འཁྲི་ཁག་བགོས་སྔར་བས་ཞིབ་ཚགས་སུ་གཏོང་བ། ལས་ཀ་བྱེད་སྟངས་སྔར་བས་གསར་གཏོད་བཅས་བྱས་ཏེ། ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བླང་བྱ་དང་མཛུབ་སྟོན་གསར་ཤོས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང“འདུ་ཤེས་གསུམ”གྱི་སློབ་གསོ་སྒྲོག་འགྲེལ་ལས་དོན་ལ་སྐུལ་འདེད་བཏང་ནས“འདུ་ཤེས་གསུམ”གྱི་སློབ་གསོར་གྲུབ་འབྲས་ཏན་ཏིག་ཐོབ་པ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་རེད།