དབུ་ཤོག>གསར་འགྱུར།
  • ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་དྲ་ཐོག་ཚོང་དོན་གྱི་ལས་གཉེར་མི་སྣ་སྒྲིག་འཛུགས་བྱས་ནས་ཧྥུའུ་ཅན་དུ་སློབ་སྦྱོང་དང་སྤེལ་རེས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-24

     དྲ་ཐོག་ཚོང་དོན་ལས་གཏོད་མི་སྣའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ན་ནིང་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་དང་ཆབ་མདོ་ཁུལ་གསར་དོ་དམ་ཨུ་ལྷན་གྱིས་དྲ་ཐོག་ཚོང་དོན་གྱི་ལས་གཉེར་མི་སྣ་15སྒྲིག་འཛུགས་བྱས་ནས། ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་དུ་སློབ་སྦྱོང་དང་སྤེལ་རེས་བྱེད་སྒོ་སྤེལ་བ་རེད།

    སློབ་སྦྱོང་དང་སྤེལ་རེས་བྱས་པ་བརྒྱུད། སློབ་མ་ཚོའི་བཀོལ་སྤྱོད་རྩལ་ནུས་སྔར་བས་ཆེ་རུ་ཕྱིན་ཡོད། གསོ་སྦྱོང་བྱེད་རིང་ཉོ་ཚོང་ཐེངས་208དང་དངོས་ཟོག་རིགས་18ལེགས་གྲུབ་བྱུང་བར་ཁྱོན་སྒོར་ཁྲི་12ལྷག་ཙམ་ཟིན་ཡོད། བྱེད་སྒོ་དེས་ཤར་ལྷོའི་མཚོ་རྒྱུད་ཀྱི་དྲ་ཐོག་ཚོང་དོན་ཁྱབ་གདལ་ནུས་པ་དང་བོད་ཀྱི་ཁྱད་ལྡན་ཡུལ་ཟོག་ཐོན་ལས་ཀྱི་ཐོན་ཁུངས་ལེགས་ཆ་མཉམ་འདྲེས་ནུས་ལྡན་ཐུབ་པ་དང་། དྲ་ཐོག་ཚོང་དོན་གྱི་དྲ་ཐོག་དང་དྲ་ཕྱིའི་འཕེལ་རྒྱས་ལམ་བུ་ཐུན་མོང་ཐོག་འཚོལ་ཞིབ་ཐུབ་སྟེ། ཧྥུའུ་ཅན་དང་ཆབ་མདོའི་ས་ཁོངས་ཀྱི་རིག་གནས་དང་རྒྱ་བོད་མི་རིགས་ཀྱི་རིག་གནས་ཕན་ཚུན་ཤེས་རྟོགས་ཐུབ་རྒྱུར་སྔར་བས་སྐུལ་མ་ཐེབས་པ་དང་ས་གནས་གཉིས་པོའི་མི་དམངས་ཀྱི་བརྩེ་སེམས་ཟབ་ཏུ་ཕྱིན་པ་རེད།

    ཧྥུའུ་ཅན་གྱི་བོད་སྐྱོར་རུ་ཁག་གིས་བཙུགས་པའི་སློབ་སྦྱོང་དང་སྤེལ་རེས་ཀྱི་སྟེགས་བུ་ངེས་པར་དུ་ཡག་པོ་སྤྱོད་པ་དང་། ཆོན་ཀྲོའུ་མི་དམངས་ཀྱི་བརྩེ་བ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཧྥུའུ་ཅན་གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་། ཕ་ཡུལ་གྱི་ཁྱད་ལྡན་ཡུལ་ཟོག་དང་དྲ་ཐོག་ཚོང་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕ་ཡུལ་གྱི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་སློབ་མ་ཚོས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།