དབུ་ཤོག>གསར་འགྱུར།
  • མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་དམངས་ཕན་སྲི་ཞུའི་མིག་དཔེ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-06-22

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་སྲིད་ནི་མི་དམངས་ཡིན་ཞིང་། མི་དམངས་ནི་རྒྱལ་སྲིད་ཡིན་པ”དང་། “མང་ཚོགས་ལམ་ཕྱོགས་ནི་རང་རེའི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན”ཞེས་མཛུབ་སྟོན་ཟབ་མོ་གནང་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དུས་རབས་གསར་པར་མང་ཚོགས་ལམ་ཕྱོགས་ཀྱི་རྩ་ཆེའི་མཆོག་ནོར་དེ་རྒྱུན་འཛིན་སྔར་བས་ལེགས་པར་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“མིག་དཔེ་དྲུག”གི་ནང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས“མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་དམངས་ཕན་སྲི་ཞུའི་མིག་དཔེ་བྱེད་དགོས”ཞེས་མཛུབ་སྟོན་ཁ་གསལ་གནང་སྟེ། ང་ཚོར་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་དེ་རྩ་བའི་ལངས་ཕྱོགས་སུ་བརྩིས་ནས། ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མང་ཚོགས་ལ་བརྟེན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་། མང་ཚོགས་ཀྱི་ཁྲོད་དུ་སྐྱོད། ཟོལ་མེད་བརྩེ་སེམས་ལ་བརྟེན་པ་དང་ལྷག་བསམ་རྣམ་དག་ངང་མང་ཚོགས་དང་ཉེ་བཅར་བྱེད་པ། དམངས་ཀྱི་དཀའ་ངལ་སེལ་བ་བཅས་བྱས་ནས། མི་སེར་དང་དངོས་འབྲེལ“རྐུབ་སྟེགས་གཅིག”གི་སྟེང་སྡོད་དགོས་པའི་བླང་བྱ་བཏོན་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ནས་བོད་ཀྱི་འཕེལ་རྒྱས་མཐའ་དག“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། མི་དམངས་མང་ཚོགས་དང་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། བློ་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས།

    མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་དམངས་ཕན་སྲི་ཞུའི་མིག་དཔེ་བྱེད་པར་རང་རྟོགས་ངང་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་གནས་པར་བྱས་ཏེ་ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་དགོས། གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་དང་མི་སེར་ལ་ལས་དོན་སྒྲུབ་མཁན་ཞིག་རེད། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་གྱིས་འགན་འཁྲི་འཁུར་སེམས་ཆེ་རུ་དང་དངོས་སྒྲུབ་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ལས་སྒྲུབ་ལས་གཏོད་དང་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རིན་ཐང་དོན་གཉེར་བྱེད་ས་དང་པོར་བརྩི་བ་དང་དངོས་སྒྲུབ་ལ་སྣང་ཆེན་དང་ཕན་འབྲས་དངོས་ཐོན་པར་བྱ་རྒྱུ་དེ་སྲིད་དོན་ལས་རྗེས་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ལ་བརྩིས་ནས“དམངས་ལ་བདེ་སྐྱིད་བསྐྲུན་པའི”བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་བཏང་སྟེ་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཡག་པོ་ཞིག་བྱེད་དགོས།

    མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་དམངས་ཕན་སྲི་ཞུའི་མིག་དཔེ་ཞིག་བྱེད་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། མང་ཚོགས་ལ་ཡོང་འབབ་མང་དུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་གཏོང་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ལོ་ལྟར་དམངས་འཚོའི་བྱ་བ་དངོས་ཁག་གཅིག་ཡག་པོ་སྒྲུབ་པ། དམངས་ཕྱུག་གི་ཐབས་ཇུས་མང་ཙམ་འདོན་པ་དང་དམངས་ཕན་གྱི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས། མིག་སྔ་དང་ལྷག་པར་དུ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་དང་རང་སྐྱོང་ལྗོངས་ཀྱི་བརྟན་པོའི་ངང་འཕར་རྒྱུ་དང་ཁྲོམ་རའི་བྱེད་པོའི་ལས་ཞུགས་འགན་ལེན་གྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ཡོང་བའི་འགན་ལེན་བྱས་ནས་དཔལ་འབྱོར་བརྟན་པོ་ཡོང་ཆེད་འདེགས་སྐྱོར་བྱེད་དགོས།

    མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་དམངས་ཕན་སྲི་ཞུའི་མིག་དཔེ་ཞིག་བྱེད་པར་མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ལངས་ཕྱོགས་དང་ཟུར་ཚད་ནས་གནད་དོན་ལ་བསམ་བློ་གཏོང་མཁས་པོ་དང་། ཐབས་ཇུས་འདོན་མཁས་པོ། བྱ་བ་སྒྲུབ་མཁས་པོ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་བདེ་སྡུག་སེམས་ནང་འཇོག་པ་དང་། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་དཀའ་ངལ་དང་རེ་ཞུ་སེམས་ལ་བཅངས་ཏེ། མི་དམངས་མང་ཚོགས་ཀྱིས་གོང་བཀུར་བྱེད་མིན་དང་། བསྔགས་བརྗོད་བྱེད་མིན། དགའ་མི་དགའ། ལན་འདེབས་མིན་བཅས་སྲིད་ཇུས་བཟོ་བའི་གཞི་འཛིན་སར་མཐའ་འཁྱོངས་བྱེད་པ་དང་། དམངས་འདུན་བརྟག་དཔྱད་དང་ཐབས་ཇུས་བློ་འདྲི་སོགས་ཀྱི་ལམ་སྲོལ་བཙུགས་ནས་ཐབས་ཇུས་ཁག་དམངས་ཀྱི་འདོད་བློ་དང་བསྟུན་པ་དང་དོན་དངོས་དང་མཐུན་པའི་འགན་ལེན་གྱིས་སེམས་ནུས་དང་བསམ་བློ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པའི་ཐད་སྤྱད་དེ་དམངས་འཚོའི་ཁེ་ཕན་མང་ཙམ་དོན་གཉེར་བྱེད་པ་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་བསལ་ནས་མང་ཚོགས་ཀྱི་སེམས་ལ་ཟུག་པའི་བྱ་བ་བཟང་པོ་དང་བྱ་བ་དངོས་སྒྲུབ་དགོས།

    མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་དམངས་ཕན་སྲི་ཞུའི་མིག་དཔེ་ཞིག་བྱེད་པར་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་དམངས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ལ་ཞིབ་ཕྲའི་ཞིབ་བསྡུར་བྱས་པ་ཞིག་རེད། མི་དམངས་ལ་ཞབས་འདེགས་ཞུ་བ་དེ་དོན་དག་ཆུང་ཙག་ཁྲོད་དོན་འཁྱོལ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་དོ་ཁུར་བྱེད་ས་དེ་ལས་ཀའི་ཤུགས་རྒྱག་སར་བརྩིས་ནས། དོན་དངོས་དང་། གཞི་རིམ། མང་ཚོགས་བཅས་ཀྱི་ཁྲོད་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་མང་ཚོགས་ཀྱི་འབོད་སྒྲ་ལྷག་བསམ་རྣམ་དག་ངང་ཉན་པ་དང་། མང་ཚོགས་ཀྱི་རེ་འདུན་ཇི་མ་ཇི་བཞིན་གོང་ཞུ་བྱེད་པ། མང་ཚོགས་ཀྱི་དཀའ་སྡུག་ལ་བརྩེ་སེམས་ཟབ་མོས་སེམས་ཁུར་བཅས་བྱས་ནས། མི་དམངས་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་ལས་ཀ་བྱེད་པ། མཉམ་དུ་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱེད་པ་མ་ཟད། མི་དམངས་མང་ཚོགས་དང་སེམས་པ་གཅིག་མཐུན་དང་། སྐྱིད་སྡུག་མཉམ་མྱོང་། མཉམ་དུ་འབད་བརྩོན་བཅས་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།