དབུ་ཤོག>གསར་འགྱུར།
  • ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱས་ནས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ལག་ལེན་བསྟར་མཁན་གྱི་མིག་དཔེ་ཞིག་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2022-06-21

    འདི་ལོ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་པ་དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ལ་ཕྱོགས་ནས་རྒྱང་ལམ་གསར་པར་སྐྱོད་པའི་དུས་སྐབས་གལ་ཆེན་དུ་འཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་པ་དེར་དོན་སྙིང་གཏིང་ཟབ་ལྡན་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་བརྒྱབ་སྟེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ་དང“འགག་རྩའི་ཉུང་ཤས”ཤིག་ཡིན་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འགག་རྩའི་འགན་འཁྲི་འཁུར་བར་ངེས་པར་དུ་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ཆེས་འགག་རྩ་ནི་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱས་ནས་བློ་བརྟན་འགྱུར་མེད་ངང་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ལག་ལེན་བསྟར་མཁན་གྱི་མིག་དཔེ་ཞིག་བྱེད་དགོས།

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི《གྲོས་ཆོད》དུ་ཁ་གསལ་བསྟན་དོན། “ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ཀྱི་གནས་བབ་གཏན་འཁེལ་བྱས་པ་ལས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད” ཆོད་གཏམ་གལ་ཆེན་འདི་ནི་རང་རེའི་ཏང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དང་ལྷག་པར་དུ་དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེར་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ལས་ཐོབ་པའི་ལྡོག་མེད་ཀྱི་སྡོམ་ཚིག་ཅིག་རེད་ལ། ང་ཚོས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་རྩ་བའི་འགན་ལེན་ཞིག་ཀྱང་རེད། ང་ཚོས“གཏན་འཁེལ་གཉིས”ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། བརྩེ་དུང་གི་མོས་སེམས་བཅས་ཆེ་རུ་ཏན་ཏིག་བཏང་སྟེ། བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་བྱས་ནས། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་ཕོད་པར་བརྟེན་ནས་ལྷག་བསམ་མཚོན་པར་བྱེད་དགོས།

    “སྲུང་སྐྱོང་གཉིས”ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་དགོས། རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་ནི་འགན་འཁྲིའི་ངོ་བོ་དང་ཆབ་སྲིད་ཀྱི་ཀུན་སྤྱོད་རེད་ལ། ལྷག་བསམ་རྣམ་དག་གི་གསལ་འགྲེལ་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་འགག་རྩ་ནི་ཏང་དང་། ཏང་ཀྲུང་དབྱང་གི་དབང་གྲགས། སྲོག་ཤིང་བཅས་ལ་ཐུག་ཡོད། ལོ་དེ་དག་རིང་བོད་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་གཏན་འཁེལ་གནང་བ་དང་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་གནང་བར་ཐུག་ཡོད། “སྲུང་སྐྱོང་གཉིས”ནི་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་པའི་རྩ་བའི་འགན་ལེན་ཞིག་རེད། སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། སྲོག་ཤིང་ལ་གོང་བཀུར། སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་བཏང་སྟེ། དུས་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འགྱུར་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་མི་འཛོལ་བར། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མིག་བལྟོས་དང་ཏང་ཀྲུང་དབྱང་ལ་མིག་བལྟོས་བྱས་ནས། “སྲུང་སྐྱོང་གཉིས”ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ལ་དོན་འཁྱོལ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བའི་ལས་ཀའི་ཕན་འབྲས་དངོས་ནས་མངོན་པར་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་སྲིད་བཀའ་དང་། བཀའ་བརྡ། བཀའ་རྒྱ་བཅས་གལ་འགངས་ཆེ་ཤོས་ཤིག་ཡིན་པས། ངེས་པར་དུ“ཆབ་སྲིད་ཀྱི་ཆ་རྐྱེན་གལ་ཆེན་དང་པོར”བརྩིས་ནས་སྒྲུབ་དགོས་པ་དང་། “བརྩི་སྲུང་བྱ་ཡུལ་དང་པོར”བརྩིས་ནས་ལག་ལེན་བསྟར་དགོས། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་མ་ཟད། སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་གཙོ་སྐྱོང་དང་། སྐུ་ངོ་མས་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད། སྐུ་ངོ་མས་བོད་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ། བོད་ཀྱི་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་བཅས་གནང་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་རེད། ང་ཚོས་ངེས་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཐོག་མཐའ་བར་གསུམ་དུ“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། ལས་འགན་ཁག་བགོས་ཞིབ་ཚགས། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན། ལམ་རིས་ཨར་ལས་དཔེ་རིས་སུ་ཏན་ཏིག་འགྱུར་བར་བྱེད་པ། ལག་བསྟར་ལ་སྐུལ་འདེད་གཏོང་བའི་ཐད་ནུས་ཤུགས་ཡོད་རྒུ་འདོན་པ། དུས་ཚོད་རེའུ་མིག་ལམ་ཚད་རྩིས་རྒྱག་རེའུ་མིག་ཏུ་འགྱུར་བར་བྱེད་པ། དམ་འཛིན་ནན་པོ་དང་ཏན་ཏིག་ཐད་ཤུགས། བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པའི་ངར་ཤུགས་འདོན་པ། རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས། ཁ་དན་ཚིག་ལ་གནས་པ་དང་། གཏན་འཁེལ་བྱུང་རྗེས་སྒྲུབ་པ། བསྒྲུབས་ནས་འབྲས་བུ་ཐོན་པ་བཅས་བྱས་ནས། ལས་དོན་མཐའ་དག་ལ་འགན་འཁུར་བ་དང་ཚང་མས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་དགོས།

    ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་རྒྱུན་ཆད་མེད་པར་ཞུན་བརྡར་བྱེད་དགོས། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ཁྲོད་ཀྱི་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད། བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་། བོད་ཀྱི་འཕེལ་རྒྱས་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ། བོད་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་ཆེ་རུ་བཏང་སྟེ། “སྤྱི་ཡོངས་གཉིས”ལ་དམིགས་ནས་རང་རྟོགས་ངང་བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་ཀ་སྤྱི་ཡོངས་ཀྱི་ཁྲོད་དུ་བཞག་ནས་ཞིབ་འཇུག་དང་བསམ་གཞིག་ཇུས་འགོད་ལ་སྐུལ་འདེད་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས་ཆེ་རུ་བཏང་སྟེ། བོད་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ནས། “རྒྱལ་ཁབ་ཀྱི་དོན་ཆེན”ལ་གདེང་ཚོད་ཡོད་པ་དང་གསལ་པོར་ཤེས་དགོས་པ། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་ཆེ་རུ་བཏང་སྟེ། ཏང་ཀྲུང་དབྱང་གི་དགོངས་དོན་དང་རང་ལྗོངས་ཀྱི་དོན་དངོས་ཟུང་འབྲེལ་བྱས་ནས་ཆབ་སྲིད་ཀྱི་ནང་སྐྱེས་རང་འགུལ་ལ་སྐུལ་སློང་དང་སྐུལ་སྤེལ་གང་ལེགས་བྱེད་པ་མ་ཟད། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྒུལ་ཤུགས་ཤིག་ཏུ་ཟམ་མི་ཆད་པར་བསྒྱུར་ཏེ། དུས་རབས་གསར་པར་བྱས་རྗེས་དེ་བས་ཡག་པ་འཇོག་པ་དང་རྣམ་པ་གསར་པ་བཏོད་དེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།