ཚེས་16ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། སློབ་གསོ་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས《2022ལོའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་གྱི་དམིགས་བསལ་ལས་གནས་འཆར་གཞི་ལག་བསྟར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། བརྡ་ཐོར་གཞིགས་ན། འདི་ལོ་རྒྱལ་ཡོངས་ཀྱིས་དམིགས་བསལ་ལས་གནས་དགེ་རྒན་67000བསྡུ་རྒྱུ་རེད་འདུག
བརྡ་ཐོའི་ནང་། ས་གནས་ཁག་གིས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་ཐོབ་ཐང་འགན་ལེན་ཏན་ཏིག་བྱས་ཏེ། དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་གླ་ཕོགས་དུས་ཐོག་དང་གྲངས་ཚང་གིས་སྤྲོད་ཐུབ་པའི་འགན་ལེན་བྱེད་པ་དང་། གཏན་འབེབས་གཞིར་བཟུང་སྤྱི་ཚོགས་འགན་བཅོལ་ལ་ཞུགས་པ། ལོ་གསུམ་གྱི་ཞབས་ཞུའི་དུས་ཚོད་ཐིམ་པ་དང་དཔྱད་ཞིབ་ཚད་ལོན་པ་མ་ཟད། མུ་མཐུད་ལས་གནས་དེར་འདོད་ཡོད་པའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་དུས་ཐོག་ཏུ་སྒྲིག་ཁོངས་སུ་འཇུག་པ་དང་འབྲེལ། ལས་གནས་དོན་འཁྱོལ་བྱེད་དགོས་པའི་འགན་ལེན་བྱེད་དགོས། དམིགས་བསལ་ལས་གནས་དགེ་རྒན་གྱི་གསོ་སྦྱོང་ལས་དོན་ནན་ཏན་སྤེལ་ནས། ལས་གནས་གོང་གི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་པ་རེད།