དབུ་ཤོག>གསར་འགྱུར།
  • ཕུགས་འདུན་འགྲུབ་པར་གཞོལ། ངོ་མཚར་མི་ཚེ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-17

    ཉེ་བའི་ལོ་ཤས་རིང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རྒྱབ་སྐྱོར་དང་མཐུན་སྦྱོར་སྐུལ་འདེད་འོག ཀོང་ཏུང་ཞིང་ཆེན་གྱིས་སྔོན་ལ་གསོ་སྦྱོང་དང་རྗེས་སུ་ལས་ཞུགས་དང་། སྔོན་ལ་ལྟ་སྦྱོང་དང་རྗེས་སུ་ལས་ཞུགས། སྔོན་ལ་རྟོག་ཞིབ་དང་རྗེས་སུ་ལས་ཞུགས་བཅས“སྔོན་ལ་གསུམ་དང་རྗེས་སུ་གསུམ”གྱི་ལས་ཞུགས་བྱེད་སྟངས་སྤྱད་དེ། ལྗོངས་ཡོངས་སུ་ལྗོངས་ཕྱིའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་བཙུགས་པ་མ་ཟད། “སྒྲིག་གཞི་གཅིག་དང་ལས་སྟེགས་གསུམ”བཏོད་ནས་ལས་ཞུགས་བོད་སྐྱོར་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

    གྲངས་གཞི་ལས་མངོན་པར། མིག་སྔའི་བར་ལས་ཞུགས་བོད་སྐྱོར་གྱི་ཐབས་ལམ་སྤྱད་པ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་གྱི་བཀྲ་ཤིས་ཟླ་བ་ཚུད་པའི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་261ཀོང་ཏུང་ཞིང་ཆེན་གྱི་རིམ་ཁག་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པར་བདེ་བླག་ངང་ལས་ཞུགས་ཐུབ་ཡོད་པ་རེད།

    རྩལ་ནུས་འཇོན་ཐང་ཡོད་པས་ལས་ཞུགས་ལ་སེམས་ཁྲལ་མེད་པ།

    དེ་སྔ་ཉིང་ཁྲིར་ཆུ་ཚད་མཐོ་བའི་ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭ་དཀོན་པས་རྩལ་ནུས་ཤེས་ལྡན་པ་ཅུང་ཁ་ཐང་པོ་ཡོད། ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་བརྩོན་ལེན་བྱས་པ་བརྒྱུད། ཀོང་ཏུང་ཞིང་ཆེན་གྱིས་བོད་སྐྱོར་མ་དངུལ་སྒོར་ཁྲི་3000བཏང་བའི་ཁར་རྒྱལ་ཁབ་ནོར་སྲིད་ཀྱིས་སྒོར་ཁྲི་2400བཏང་ནས་བྲག་ཡིབ་ཆུས་ཇོ་མོ་ཡུག་ཁུལ་གྱི་སློབ་གསོའི་གྲོང་དུ་ཉིང་ཁྲི་གྲོང་ཁྱེར་ལག་རྩལ་བཟོ་པའི་སློབ་གྲྭ་བཙུགས། སློབ་གྲྭས་ཉིན་གང་ལམ་ལུགས་ཀྱི་སློབ་མ་382བསྡུས་པ་དང་མི་2346ལ་དུས་ཐུང་གི་རྩལ་ནུས་གསོ་སྦྱོང་བྱས་ཡོད། ཉེ་དུས་སློབ་གྲྭ་དེར་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད། མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭར་རིམ་སྤོར་བྱས་ནས་ལྗོངས་ཡོངས་ཀྱི་གཞུང་བཙུགས་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭ་དང་པོར་གྱུར་ཡོད། ཀོང་ཏུང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་སླར་ཡང་མ་དངུལ་སྒོར་དུང་ཕྱུར་1.8བཏང་ནས་བསྐྲུན་པའི་ལག་རྩལ་བཟོ་པའི་སློབ་གྲྭ་དུས་ཐེངས་གཉིས་པ་འདི་ལོའི་ཟླ་དགུ་པར་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་དང་། སྐབས་དེ་དུས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་2000ཟིན་རྒྱུ་མ་ཟད། ལོའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་གཞི་ཁྱོན་ཡང་མི་2000ཡན་ཟིན་རྒྱུ་རེད།

    “སློབ་གྲྭས་གཙོ་གནད་རྣམ་གྲངས་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་དུས་ཐུང་རྣམ་གྲངས་ལམ་ལུགས་དང‘མྱུར་འགྲུབ’རྣམ་གྲངས་ཀྱི་རྩལ་ནུས་གསོ་སྦྱོང་སོགས་བྱེད་ཐབས་ལ་བརྟེན་ནས། མི་400ལྷག་ཙམ་ལ་རྐོ་འདྲུའི་འཕྲུལ་འཁོར་གཏོང་སྟངས་དང་། གཞུང་ལམ་ཨར་སྐྲུན་དང་བདག་སྐྱོང་བྱེད་སྟངས། ཟམ་པའི་ལག་རྩལ་ཆེ་མོ་བ་ཇི་ལྟར་ཆགས་ཚུལ་སོགས་ཀྱི་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་ནང་ཞུགས་མཁན་སློབ་མ་མི་ཉུང་བ་ཞིག་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་གསར་སྤེལ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཆེན་པོའི་ལག་བསྟར་ནང་ཞུགས་ཡོད”ཅེས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ལས་བྱེད་པ་དང་ཉིང་ཁྲི་གྲོང་ཁྱེར་ལག་རྩལ་བཟོ་པའི་སློབ་གྲྭའི་སློབ་སྤྱི་ཁྲེང་ཐའོ་ཡིས་གསར་འགོད་པར་བཤད།

    སྣ་མང་ཅན་གྱི་ལས་ཞུགས་བོད་སྐྱོར་ལས་སྟེགས་བཏོད་པ།

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཀོང་ཏུང་དུ་ལས་ཞུགས་བྱེད་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས། སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པའི་ལས་ཀའི་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ། ཀོང་ཏུང་དུ་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་གྱི་ཞབས་ཞུའི་འབྲེལ་གཏུག་ཁྲུའུ་དང་བོད་ལྗོངས་གཡང་ཕྱུག་ཁེ་ལས་ཚད་ཡོད་ཀུང་སི་གཉིས་སུ་གཞོན་ནུའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི་བཙུགས་པས། རིམ་རྩིས་བྱས་ན་ཐེམ་ཁུངས་ཉིང་ཁྲི་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་18ཀོང་ཏུང་དུ་ལས་ཞུགས་ཐུབ་པ་རེད། ཟླ་6ནས་ ཟླ་12བར་ལྟ་སྦྱོང་བྱས་པ་བརྒྱུད། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མས་དཔྱོད་ཤེས་ལྡན་པའི་སྒོ་ནས་ལས་ཞུགས་གདམ་ག་བྱེད་པ་དང་། ལྗོངས་ཕྱིར་ལས་ཞུགས་བདེ་བླག་ཡོང་ཆེད་ཚོད་ལྟའི་སྟེགས་བུ་ཞིག་མཁོ་འདོན་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མ་ཁག་གཅིག་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་གོམ་པ་དང་པོ་སྤོ་མི་ཕོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རོགས་རམ་འོག ཉིང་ཁྲི་གྲོང་ཁྱེར་གྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཀོང་ཏུང་དུ་ལས་ཞུགས་བྱེད་པའི་ཕུགས་ཕན་ལམ་སྲོལ་བཏོད་དེ། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞིའི་བསྡུ་ཁོངས་སུ་བཅུག་པ་རེད། ཀོང་ཏུང་ཞིང་ཆེན་མི་སྤྱི་ཐིང་གིས་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་བསྐྱོད་དེ“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣར་འཚམས་འདྲི་བྱས་པ་དང་འབྲེལ་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་ཀྱང་བྱས་ནས། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཀོང་ཏུང་ཞིང་ཆེན་གྱི་བྱ་གཞག་ཚན་པར་གཅིག་སྡུད་ཡོངས་བསྒྲགས་ལས་བསྡུའི་འཆར་གཞིའི་ནང་བཅུག་པ་མ་ཟད། ཉིང་ཁྲིར་རྒྱུགས་ཁུལ་བཙུགས་ནས་རྒྱུགས་སྤྲོད་སློབ་མ་ཡིག་རྒྱུགས་གཏོང་བར་སྟབས་བདེ་ཡང་བསྐྲུན་པ་རེད། ལྗོངས་ཡོངས་སུ་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས“སྔོན་ལ་མཐིལ་རྟོགས་དང་རྗེས་སུ་སྙོམ་སྒྲིག”གི་བྱ་གཞག་ཚན་པའི་ཆེད་དོན་ལས་བསྡུ་བྱེད་སྟངས་གསར་པ་ཁྱབ་གདལ་བཏང་རྗེས། 2019ལོ་ནས་བཟུང་ཀོང་ཏུང་ཞིང་ཆེན་གྱི་བྱ་གཞག་ཚན་པས་ཆེད་དོན་ལས་བསྡུ་བྱས་ཏེ་ལས་གནས་180སྙོམ་སྒྲིག་བྱས་པ་རེད།

    རང་ཡུལ་དང་ཐག་ཉེ་སར་ལས་ཞུགས་ཀྱི་ལས་སྟེགས་བསྐྲུན་པ།

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་བོད་དུ་སླེབས་པ་ནས་བཟུང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་དང་གྲང་ཕྲེང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བའི་ལས་དོན་ཁྲོད་ཞུགས་པ་དང་། ཀོང་ཏུང་ཧྭ་ཧྥ་ཟོག་འགྲེམས་ཐོན་ལས་གླིང་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་དོ་དམ་ཅུས་དང་། ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་ཚོགས་པ། ཧྭ་ཧྥ་ཚོགས་པ་བཅས་ཕྱོགས་གསུམ་དབར་མཉམ་ལས་ཀྱི་གྲོས་མཐུན་འཇོག་པར་སྐུལ་འདེད་གཏོང་བ། ཉིང་ཁྲི་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བར་གྱི་ཟོག་འགྲེམས“ཐད་གཏོང་རླངས་འཁོར”ཤར་གཏོང་བཅས་བྱས་པས་ཟོག་འགྲེམས་ལས་ཕྱོད་50%མཐོ་རུ་ཕྱིན་པ་དང་། མ་གནས་50%ནས་70%བར་ཆག་སྟེ་ཉིང་ཁྲི་ས་ཁུལ་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་གི་གོ་ཆོད་དུས་ཚོད་དང་སྡེབ་སྐྱེལ་གྱི་ཕན་ནུས་ཆེ་རུ་ཕྱིན་ནས་ཉིང་ཁྲིའི་ལས་ཞུགས་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་མ་ཐེབས་ཡོད།

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ད་དུང་མི་ཤུགས་ཐོན་ཁུངས་ཀྱི་ལེགས་ཆར་ཧུར་ཐག་བརྟེན་ནས། ཉིང་ཁྲིར་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཞིང་འབྲོག་པའི་ངལ་ནུས་ཕྱིར་གཏོང་རྩ་འཛུགས་15དང་། ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ཞིང་འབྲོག་པའི་ལས་ཞུགས་ཞབས་ཞུ་ཁང་557བཙུགས་ནས་ཞིང་འབྲོག་པ་ཁྲི་3.8ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་4.4བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།