དབུ་ཤོག
  • ཉིང་ལྷའི་རིམ་མཐོའི་གཞུང་ལམ་དུ་ཟོག་འདྲེན་རླངས་འཁོར་གཏོང་ཆོག་གམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-06-16

    ཉིང་ཁྲི་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་དུ་ཟོག་འདྲེན་རླངས་འཁོར་གཏོང་བའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། G4218ཉིང་ཁྲི་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ(གཤམ་དུ་ཉིང་ལྷ་རིམ་མཐོའི་གཞུང་ལམ་ཞེས་པར་བསྡུ་རྒྱུ)གྱི་ཉིང་ཁྲི་ནས་ཀོང་པོ་རྒྱ་མདའ་བར་གྱི་ལམ་དུམ(K1483+000mནས་K1621+300mབར)དུ་ཟླ་6ཚེས་15ཉིན་གྱི་ཆུ་ཚོད་10པ་ནས་བཟུང་ཟོག་འདྲེན་རླངས་འཁོར་ཚོད་ལྟ་དང་བཅས་བཏང་བ་དེ་ལས། ཉིང་ཁྲི་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་ཟོག་འདྲེན་རླངས་འཁོར་གཏོང་བའི་ཚོད་ལྟ་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད། 

    ཉིང་ལྷའི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་ཟོག་འདྲེན་རླངས་འཁོར་ཚོད་ལྟ་བྱས་ནས་གཏོང་རིང་། མལ་གྲོ་གུང་དཀར་དང་ཀོང་པོ་རྒྱ་མདའི་ལམ་མདོ་ནས་ཟོག་འདྲེན་རླངས་འཁོར་འབབ་ཆོག་ལ་འཛུལ་ཆོག་གི་ཡོད། དེ་བྱིངས་ཀྱི་ལམ་མདོ་ནས་ཟོག་འདྲེན་རླངས་འཁོར་འཛུལ་ཆོག་གི་མེད། ཡིན་ནའང་ཁྲིམས་མཐུན་ལུགས་མཐུན་གྱི་སྤྱི་ཚོགས་ཐོག་གི་རླངས་འཁོར་གཞན་དག་རྒྱུན་གཏན་ལྟར་བསྐྱོད་ཆོག་གི་ཡོད།   

    ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རུ་ཁག་དེས་ཉིང་ཁྲིའི་བྲག་ཡིབ་ཏུ་རླངས་འཁོར་ནང་ཐེག་ཚད་ལས་བརྒལ་ནས་དངོས་ཟོག་བླུགས་ཡོད་མེད་ལྟ་བའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་འབྲེལ། ཁྲིམས་འཛིན་མི་སྣ་བཅུ་ལྷག་ཙམ་དེ་གར་བཅོས་སྒྲིག་བྱེད་པར་བཀོད་སྒྲིག་ཀྱང་བྱས་ཡོད།

    微信图片_20220616172133.png

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།