དབུ་ཤོག
  • མགྱོཌ་པོ་ཧབ་ཐོབ་རྒྱག་པར་ཤོག སང་ཉིན་ཆུ་ཚོད8པ་ནས་འགོ་འཛུཌ་ཀྱི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-06-10

    ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ནང་མཁོ་རྒྱ་བསྐྱེད་བཏང་ནས་འཛད་སྤྱོད་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། སྤུས་ཚད་ལེགས་པའི་ལས་རིགས་ཆེ་གྲས་དཔེར་ན། སྒོ་རྩིས་ཚོང་ཁང་དང་། བརྒྱ་ཟོག་ཚོང་ཁང་། སྣུམ་སྣོན་ས་ཚིགས། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས། བཟའ་བཏུང་། གྲངས་འཛིན་ཡོ་ཆས་སོགས་འཛད་སྤྱོད་ཚོང་རའི་མི་མངོན་པའི་སྟོབས་ཤུགས་སྔར་བས་སྔོག་འདོན་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་འཛད་སྤྱོད་ལ་སྐུལ་འདེད་དང་། དཀའ་ངལ་སེལ་རོགས་བྱེད་པ། དམངས་འཚོར་ཕན་པ་འདོགས་པ་བཅས་བྱེད་ཆེད། གྲོང་ཁྱེར་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་འཛད་སྤྱོད་པར་གློག་རྡུལ་འཛད་སྤྱོད་འཛིན་ཤོག(གཤམ་དུ་འཛད་སྤྱོད་འཛིན་ཤོག་ཅེས་བསྡུ་རྒྱུ)སྤྲད་དེ། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང“ཁེ་ལས་ལ་རོགས་རམ་བྱས་ནས་དམངས་ལ་ཕན་པ་འདོགས་པའི་གཡུ་གཞོང་འཛད་སྤྱོད”ཅེས་པའི་འཛད་སྤྱོད་འཛིན་ཤོག་སྤྲོད་ཉེར་ཡོད་པ་རེད།

    ཞིབ་ཕྲའི་དུས་ཚོད་དང་བེད་སྤྱོད་ཞིབ་སྲོལ།

    1.འཛིན་ཤོག་སྤྲོད་པ་དང་། ལེན་པ། བེད་སྤྱོད་བཅས་ཀྱི་དུས་ཚོད།

    རེས་སྐོར་དང་པོ། ཟླ་6ཚེས་11ཉིན་གྱི་ཆུ་ཚོད་20:00ནས་འགོ་བཙུགས་ཏེ་སྤྲོད་རྒྱུ་དང་འཛིན་ཤོག་བླངས་རྗེས་ཉིན་15ནང་ཚུན་དུ་བེད་སྤྱོད་བྱེད་དགོས། དུས་ཚོད་ཡོལ་ཚེ་འཛད་སྤྱོད་འཛིན་ཤོག་རང་བཞིན་ངང་བེད་མེད་དུ་འགྱུར་རྒྱུ། 

    རེས་སྐོར་གཉིས་པ་དང་དེ་རྗེས་སུ། ཟླ་རེའི་ཚེས1དང་ཚེས16ཉིན་གྱི་ཆུ་ཚོད་20:00ནས་འགོ་བཙུགས་ཏེ་སྤྲོད་རྒྱུ་དང་འཛིན་ཤོག་བླངས་རྗེས་ཉིན་12ནང་ཚུན་དུ་བེད་སྤྱོད་བྱེད་དགོས། དུས་ཚོད་ཡོལ་ཚེ་འཛད་སྤྱོད་འཛིན་ཤོག་རང་བཞིན་ངང་བེད་མེད་དུ་འགྱུར་རྒྱུ། 

    མཐའ་མའི་དུས་བཀག་ནི་མ་དངུལ་ཚང་མ་བེད་སྤྱོད་བྱས་ཟིན་པའམ་ཡང་ན་2022ལོའི་ཟླ་12ཚེས་31ཉིན་བར་ཡིན། སྐབས་དེ་དུས་འཛད་སྤྱོད་འཛིན་ཤོག་སྤྲོད་སའི་སྟེགས་བུའི་ཡོངས་བསྒྲགས་ལ་གཞི་འཛིན་དགོས། 

    2.འཛད་སྤྱོད་འཛིན་ཤོག་སྤྲོད་ཡུལ།

    ལྷ་སར་ཡོད་པའི་འཛད་སྤྱོད་པ(གྲོང་ཁྱེར་གྱི་ཕྱི་ནས་ཡོང་བའི་མི་སྣ་ཚུད་པ)ཚང་མས་ད་ཐེངས་ཀྱི་འཛིན་ཤོག་ཧབ་ཐོབ་རྒྱག་པའི་ནང་ཞུགས་ཆོག  བྱེད་སྒོའི་ནང་ཞུགས་མཁན་མི་རེ་ངོ་རེས་སྐད་འཕྲིན་གྱི་ཨང་རྟགས་གཅིག་ལས་སྤྱོད་ཆོག་གི་མེད་པ་དང་། སྐད་འཕྲིན་གྱི་ཨང་རྟགས་མང་པོ་ཞིག་ཐོབ་ཐང་ལག་ཁྱེར་གཅིག་གི་ཁོངས་སུ་གཏོགས་སྐབས་སྤྱོད་མཁན་གཅིག་ལ་བརྩི་གི་ཡོད། ཁེ་ལས་ཀྱི་སྤྱོད་མཁན་གྱིས་འཛད་སྤྱོད་འཛིན་ཤོག་ལེན་སྤྱོད་བྱེད་མི་ཆོག 

    3.འཛད་སྤྱོད་འཛིན་ཤོག་སྤྲོད་སའི་སྟེགས་བུ། 

    སྐད་འཕྲིན་ནི་ད་ཐེངས་ཀྱི་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་ཞིབ་བསྡུར། མེད་པ་བཅས་བཟོ་བའི་སྟེགས་བུ་དེ་ཡིན།

    4.འཛད་སྤྱོད་འཛིན་ཤོག་ལེན་སྐབས་ངེས་པར་དུ་ཤེས་དགོས་པ།

    གཅིག འཛད་སྤྱོད་འཛིན་ཤོག་གི་རིགས། 

    (1)བཟའ་བཏུང་དང་སྒོ་རྩིས་ཚོང་ཁང་གི་འཛིན་ཤོག སྒོར་200ཟིན་ན་སྒོར་60གཅོག་པ་དང་། སྒོར་400ཟིན་ན་སྒོར་120གཅོག་པ། 

    (2)སྣུམ་བླུག་པའི་འཛིན་ཤོག སྒོར་200ཟིན་ན་སྒོར་30གཅོག་པ་དང་། སྒོར་400ཟིན་ན་སྒོར་60གཅོག་པ།

    (3)ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས། གྲངས་འཛིན་ཡོ་ཆས་བཅས་ཀྱི་འཛིན་ཤོག སྒོར་1000ཟིན་ན་སྒོར་200གཅོག་པ་དང་། སྒོར་3000ཟིན་ན་སྒོར་500གཅོག་པ། 

    གཉིས། འཛད་སྤྱོད་འཛིན་ཤོག་ལེན་སྟངས། 

    འཛད་སྤྱོད་པས་གཤམ་གྱི་རྩ་གཉིས་ཨང་རྟགས་མནན་བཤེར་བྱས་ཏེ“ལྷ་ས་གྲོང་ཁྱེར་གྱི་འཛད་སྤྱོད་འཛིན་ཤོག”གི་དྲ་ངོས་ནང་འཛུལ་ནས་འཛིན་ཤོག་ལེན་ཆོག 

    འཛད་སྤྱོད་འཛིན་ཤོག་ལེན་སའི་རྩ་གཉིས་ཨང་རྟགས།

    微信图片_20220610152415.png




    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།