དབུ་ཤོག>གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་བོད་སྐྱོར་ལས་བྱེད་པའི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་གན་རྒྱ་གཅིག་སྡུད་འཇོག་པའི་མཛད་སྒོ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-02

    ཟླ་5ཚེས་31ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་བོད་སྐྱོར་ལས་བྱེད་པའི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་གན་རྒྱ་གཅིག་སྡུད་འཇོག་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་མཛད་སྒོར་ཞུགས་པ་དང་ཤིས་ཚིག་བསྒྲོན་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་གན་རྒྱ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཨན་ཆི་སྐྱེ་དངོས་དང་ཧུང་ཤིན་མེ་གཱ་ལུང་སོགས་ཁེ་ལས་26མཛད་སྒོར་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། བོད་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གསོག་ཉར་རྟེན་གཞི་གལ་ཆེན་དང་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་རེད་ལ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་ཕྱེ་བའི་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་ལ་ཐོན་ཁུངས་ཀྱི་ལེགས་ཆ་ཡང་ཕུན་སུམ་ཚོགས་པོ་ཡོད། “རྒྱུད་གཅིག་ལམ་གཅིག”གི་འཛུཌ་སྐྲུན་དང་། “ཐཱན་གཉིས”ཀྱི་དམིགས་ཚད་ལག་བསྟར། ནུབ་རྒྱུད་གསར་སྤེལ་ཆེན་པོ་སོགས་འཐབ་ཇུས་གཏིང་ཟབ་སྤེལ་བ་དང་བསྟུན་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་ངོ་སྟོང་ཕྲག་རིང་འཕྲད་པར་དཀའ་བའི་འཐབ་ཇུས་ཀྱི་གོ་སྐབས་བྱུང་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་གསར་པས་སྤྱི་ཡོངས་དང་དུས་བབ་ལ་སྟངས་འཛིན་གྱིས“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བཀོད་སྒྲིག་ལག་བསྟར་ཧུར་ཐག་བྱེད་དགོས་པ་ཁ་གསལ་བཏོན་པ་མ་ཟད། ད་དུང“ཐོན་ལས་ཆེན་པོ་བརྒྱད”འཕེལ་རྒྱས་གཏོང་བའི་བཀོད་པ་མགྱོགས་པོ་འཕེལ་བ་དང་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་ནས། ཁེ་ལས་དང་དམངས་ལ་ཕན་པའི་ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་ཞེས་ཀྱང་ཁ་གསལ་བཏོན་པས། བོད་གཏིང་ཤུགས་ཆེན་པོ་ལྡན་པའི་མ་དངུལ་འཇོག་ཡུལ་ཡག་པོ་ཞིག་དང་གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་གྱི་ལས་དར་མཐོ་ས་ཞིག་ཡིན་པའི་ཕན་འབྲས་རིམ་བཞིན་ཐོན་གྱི་ཡོད། རྒྱ་ཆེའི་ཁེ་ལས་རྣམས་ཀྱིས་བོད་ལ་མ་དངུལ་གཏོང་བ་དང་། བོད་དུ་ལས་དོན་སྒྲུབ་པ། བོད་ལྗོངས་འཛུགས་སྐྲུན་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་དང་། རྒྱ་ཆེའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ཐབས་ལམ་དང་ཕྱོགས་མང་པོ་ནས་བོད་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ། ཁེ་ལས་དང་ཚོང་འགྲུལ་དེ་བས་མང་བ་བོད་དུ་ལྟ་སྐོར་རྟོག་ཞིབ་དང་། སྤེལ་རེས་དང་ངོ་འཕྲད་གྲོས་མོལ། མ་འཇོག་ལས་དར་བཅས་བྱེད་པར་ཡིད་དབང་འགུག་པ་དང་སྐུལ་ཁྲིད་ཐུབ་པའི་རེ་བ་ཡོད།

    ཁྲེན་ཡུང་ཆིས་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མ་རྩ་འཇོག་མཁན་ལ་བསམ་བློ་གཏོང་བ་དང་། མ་རྩ་འཇོག་མཁན་ལ་ཁེ་ཕན་གཉེར་རོགས། མ་རྩ་འཇོག་མཁན་ལ་ལེགས་གྲུབ་ཡོང་རོགས་བཅས་ཀྱི་དམིགས་ཡུལ་ལྟར་ལྷག་བསམ་རྣམ་དག་གིས་ཁྲལ་རིན་གཉིས་གཅོག་སྐོར་གྱི་ཁེ་ལས་ལ་ཕན་པའི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ། “མཆན་འགོད་དོན་ཚན་ཉུང་ཤོས་དང་། ཞིབ་མཆན་འགོད་ཡུན་ཐུང་ཤོས། ཞིབ་མཆན་འགོད་རིམ་ལེགས་ཤོས། མཆན་འགོད་ཞབས་འདེགས་ཡག་ཤོས་བཅས་ཀྱི”ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁེ་ལས་ཁག་ལ་སྟབས་བདེ་དང་ནུས་ཆེའི་ཞབས་འདེགས་ཞུས་ཏེ་གཉིས་ཁེ་གཉིས་ཕན་དང་། མཉམ་ལས་མཉམ་ཁེའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་ཁྱོན་རྣམ་གྲངས་26ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་72གཏོང་རྒྱུ་ཡིན་པ་དེ་དག་ནུས་རྒྱུ་གཙང་མ་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག རིག་གནས་ཡུལ་སྐོར། འབྱུང་འཕྲོད་བཟོ་ལས། དེང་རབས་ཞབས་འདེགས། མཐོ་གསར་གྲངས་འཛིན། བོད་ཀྱི་གསོ་བ་རིག་པ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།