ཉེ་བའི་ལོ་ཤས་རིང་། རང་རྒྱལ་དུ་སྐྲན་ནད་ཕོག་མཁན་མང་དུ་འགྲོ་གི་ཡོད་པ་དང་། མཆིན་པའི་འབྲས་སྐྲན་ཕོག་མཁན་གཟུགས་པོའི་ཆ་ཤས་གཞན་གྱི་སྐྲན་ནད་ཕོག་ཚད་ལས་མང་བ་ཡོད།
མཆིན་པའི་དབང་རྩར་ཟུག་བརྒྱབ་ནའང་ཚོར་སྣང་ཡོང་གི་མེད། དེར་བརྟེན་མཆིན་ནད་ཕོག་ཀྱང་ན་ཟུག་གཏོང་གི་མེད་པས་ནད་གཞི་རྟོགས་ཁག་པོ་ཡོད།
རླམ་རྩི་སེར་པོའི་དུག(黄曲霉毒素 )ནི་རླམ་རྩི་སེར་པོ་དང་གཞན་རྟེན་རླམ་པ་ལས་ཐོན་པའི་དུག་ཡིན་པས། མིག་སྔར་ཤེས་རྟོགས་བྱུང་བའི་འབྲས་སྐྲན་གྱི་ནད་རྐྱེན་གཙོ་བོ་དེ་རེད།
དང་པོ། ཡུན་རིང་སྤྱད་པའི་ཁོའེ་ཙེ།
མི་མང་ཆེ་བས་ཁོའེ་ཙེ་བཀྲུས་རྗེས་སྐམ་གྱི་མེད་པས། རླམ་རྩི་སེར་པོའི་དུག་ཆགས་སླ་པོ་ཡོད། དེར་བརྟེན། ཁོའེ་ཙེ་བཀྲུས་རྗེས་ཧམ་སྤུ་བརྒྱབ་མིན་ལ་ལྟ་དགོས།
ཡག་ཤོས་བྱུང་ན་ཁོའེ་ཙེ་ལོ་ཕྱེད་རེར་བརྗེ་དགོས། བེད་སྤྱོད་བྱས་ཟིན་རྗེས་དུས་ཐོག་ཏུ་གཙང་མ་བཀྲུས་ནས་སྐམ་དགོས་པའམ་ཡང་ན་ལྕགས་ཀྱི་ཁོའེ་ཙེ་སྤྱད་ན་ལེགས།
གཉིས་པ། དྲི་མ་ཡོད་པའི་ཟ་སྣུམ།
ཟ་སྣུམ་ནི་ཁ་ལག་བཟོ་སྐབས་མེད་དུ་མི་རུང་བ་ཞིག་རེད། འོན་ཀྱང་ཟ་སྣུམ་འགའ་ཤས་དབོར་འདྲེན་དང་གསོག་འཇོག་བྱེད་སྐབས། བཞའ་ཚན་ཆེ་བའི་དབང་གིས་ཧམ་སྤུ་རྒྱག་གི་ཡོད་པས། རླམ་རྩི་སེར་པོའི་དུག་འགོ་སླ་པོ་ཡོད།
གལ་ཏེ་ཟ་སྣུམ་ལ“ཧམ་དྲི”ཡོད་ན་ཚལ་རྔོ་སྐབས་དྲི་མ་ངར་པོ་ཞིག་བྲོ་གི་ཡོད་པས། ཟ་སྣུམ་འདི་རིགས་བེད་སྤྱོད་བྱེད་མི་ཉན། གལ་ཏེ་བེད་སྤྱོད་བྱས་ན་འབྲས་སྐྲན་ཕོག་ཉེན་ཆེ།
གསུམ་པ། ཧམ་སྤུ་བརྒྱབ་པའི་ཨ་ཤོམ་སོགས།
ཨ་ཤོམ་དང་བ་དམ་སོགས་ལ་ཧམ་སྤུ་བརྒྱབ་ཚེ་རླམ་རྩི་སེར་པོ་འདུས་ཚད་མཐོ་པོ་ཡོད།
མཆིན་པ་ཡག་པོ་མེད་ན། གཤམ་གྱི་ནད་རྟགས་ཐོན་སྲིད།
དང་པོ། གྲོད་ཁོག་གི་གཞོགས་གཡས་པར་ན་ཟུག་གཏོང་བ།
གྲོད་ཁོག་གི་གཞོགས་གཡས་པར་ན་ཟུག་བཏང་ན་མཆིན་པར་ན་ཚ་སླེབས་པའི་རྟགས་རེད། དུས་རྒྱུན་མཆིན་པར་ལག་པ་རེག་ཐུབ་ཀྱི་མེད་པས། གལ་སྲིད་མཆིན་པ་སྐྲངས་ཚེ་གནས་འདིར་སྐྲངས་འབུར་དོན་གྱི་ཡོད་པས། ངེས་པར་དུ་དོགས་ཟོན་བྱེད་དགོས།
གཉིས་པ། ཤ་རིད་པ་དང་གཟུགས་པོར་ཤུགས་མེད་པ།
ནད་གཞི་མང་པོས་ཤ་རིད་པ་དང་ཤུགས་མེད་པར་གྱུར་གྱི་ཡོད། གལ་ཏེ་མཆིན་ཚད་ཁ་པའི་གཅོང་ནད་དང་། ཡུན་རིང་པོ་ཆང་རག་འཐུང་བ། རྟག་ཏུ་མཚན་འཁྱོངས་སོགས་བྱས་ནས་གོང་གི་ནད་རྟགས་ཐོན་ན། མཆིན་པར་ནད་ཕོག་པའི་རྟགས་ཡིན་པས། གཟུགས་པོར་འཚོ་བཅུད་མི་འདང་བ་དང་ཟས་རིགས་ཡག་པོ་མི་འཇུ་བ་ལས་བྱུང་བ་རེད།
གསུམ་པ། གཅིན་པ་སེར་རྐྱང་ཡིན་པ།
མཆིན་པར་ནད་ཕོག་རྗེས་མཁྲིས་པའི་གཤེར་ཁུ་ཁྲག་རྒྱུན་ནང་གསོག་པ་དང་དེ་རྗེས་མཁལ་མ་བརྒྱུད་ནས་ཕྱིར་བཤང་གི་ཡོད། དེའི་ནད་རྟགས་སུ་གཅིན་པའི་ཚོས་གཞི་སེར་པོ་ཆགས་པའམ་ཇ་ཁུ་ལྟར་གར་པོར་འགྱུར་གྱི་ཡོད།