ཟླ་5ཚེས་24ཉིན་ནས་བརྩིས་ན་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་གཏོང་བར་ད་དུང་ཉིན་14ལས་མེད། སློབ་གསོ་པུའི་དེ་གོང་གི་བླང་བྱ་ལྟར་ན། ཚེས་25ཉིན་ནས་བཟུང་རྒྱུགས་སྤྲོད་སློབ་མས་ཡིག་རྒྱུགས་མ་བཏང་གོང་གི་ཉིན་14ཡི་རིང་བསྟུད་མར་ས་གནས་དེ་གར་བདེ་ཐང་བརྟག་དཔྱད་ཡག་པོ་བྱེད་དགོས།
གཞན་ཡང་། ས་ཁུལ་མང་པོས་རྒྱུགས་སྤྲོད་སློབ་མར་སླར་ཡང་དྲན་སྐུལ་བྱས་དོན།
རྒྱུགས་ཚིགས་གནས་སའི་རྒྱུགས་སྤྲོད་ཀྱི་རིམས་ནད་སྔོན་འགོག་གི་བླང་བྱར་ཕྱོགས་ཡོངས་ནས་ཤེས་རྟོགས་དང་བརྩི་སྲུང་ནན་པོ་ཞུས་ཏེ། ཡིག་རྒྱུགས་མ་བཏང་གོང་གི་ཉིན་14ཡི་རིང་བསྟུད་མར་ས་གནས་དེ་གར་བདེ་ཐང་བརྟག་དཔྱད་ཡག་པོ་བྱེད་དགོས་པ་དང་། དགོས་མེད་ཀྱི་འདུ་འཛོམས་དང་ས་ཁོངས་སྒྲོལ་ནས་འགྲོ་སྐྱོད་ཉུང་ཙམ་བྱེད་པ། མི་ཚོགས་མང་སར་མི་འགྲོ་བ། ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་མི་འགྲོ་བ་སོགས་བྱེད་དགོས།