ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་གིས་ཉང་གཡག་གི་རྒྱུད་བཟང་ལ་བརྟེན་ནས་ད་ཡོད་ཀྱི་འབྲོག་ར་དང“འབྲི་གཡག་སྟོང་དང་མུའུ་ཁྲིའི”གསོ་ཚགས་རྟེན་གཞིའི་རྨང་གཞིའི་ཐོག་དབུལ་སྐྱོར་ཐོན་ལས་རྣམ་གྲངས་མ་རྐང་དུ་བྱས་པའི་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་རེད། 2018ལོའི་ཚུན་དུ་ཀུང་སི་དེས་ཚགས་ཤ་དང་འོ་མ་ཉོ་བ་དང་རྒྱུད་བཟང་ཁྱལ་གདལ་གཏོང་བ་སོགས་བྱེད་སྟངས་སྤྱད་ནས་རིམ་རྩིས་བྱས་ན་མཉམ་ལས་ཁང་49དང་འབྲོག་དུད་2138ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་རེད། འདི་ནི་བོད་ལྗོངས་ཉང་གཡག་འབྲི་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་གསོ་ཚགས་ར་བར་ལས་མིས་ཉང་གཡག་ལ་གཟན་རྩྭ་སྟེར་བཞིན་པ།