དབུ་ཤོག
  • རང་སྐྱོང་ལྗོངས་ཀྱི་སྨན་ཁང་གསར་པ་ཞིག་བསྐྲུན་ཚར་ཉེར་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-05-23

    ཉིན་ཤས་གོང་། གསར་འགོད་པར་ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་ཚོགས་པ་བོད་རང་སྐྱོང་ལྗོངས་ཀྱི་སྨན་ཁང་རྣམ་གྲངས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་རྣམ་གྲངས་ཀྱི་ལས་གྲྭ་དངོས་ཀྱི་འཕེལ་རིམ་དང་ཨར་སྐྲུན་གྱི་འཕེལ་རིམ་གཉིས་ཀ་འཆར་འགོད་དང་མཐུན་ཡོད། ལས་གྲྭ་ཡོངས་ཀྱི་85%ལེགས་གྲུབ་ཟིན་ཏེ། ཕྱི་རོལ་གྱི་ཆུ་འགྲོའི་མདོང་ལམ་སྒྲིག་སྦྱོར་དང་ནང་ཁུལ་དུ་མཛེས་བཟོ་བྱེད་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་རེད།

    1.jpg

    སྨན་ཁང་གི་འཆར་འགོད་དཔེ་རིས། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་ཚོགས་པས་མཁོ་འདོན་བྱས།

    རང་སྐྱོང་ལྗོངས་ཀྱི་སྨན་ཁང་རྣམ་གྲངས་ཀྱི་གནས་ཚུལ་མདོར་བསྡུས།

    རང་སྐྱོང་ལྗོངས་ཀྱི་སྨན་ཁང་རྣམ་གྲངས་ནི་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དམངས་འཚོའི་རྣམ་གྲངས་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པ་དང་། རྒྱལ་ཁབ་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་10བཏང་ཡོད།

    རྣམ་གྲངས་སྐྲུན་ཡུལ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོར་ཡོད་ཅིང་། ཤར་དུ་ལྷ་གོང་ལམ་དང་། ལྷོ་རུ་གྲོང་སྐོར་ནུབ་ལམ། བྱང་དུ་ལྷ་ཆིང་ལམ། ནུབ་ཏུ་གྲོང་ཁྱེར་གྱི་ཡན་ལག་ལམ་འཆར་འགོད་བྱེད་བཞིན་ཡོད། འཆར་འགོད་ལྟར་ན་རྒྱ་ཁྱོན་མུའུ་300ཡིན་པ་དང་། དེ་ནི“ཐེངས་གཅིག་ལ་འཆར་འགོད་དང་དུས་ཁག་དབྱེ་ནས་ལག་བསྟར”གྱི་རྩ་དོན་ལ་གཞིགས་ཏེ། དུས་ཐེངས་གཉིས་ལ་དབྱེ་ནས་སྐྲུན་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་121326ཟིན་པ། དུས་ཐེངས་དང་པོར་ཁྱོན་ནད་ཁྲི་800ཡོད།

    རྣམ་གྲངས་འཛུགས་སྐྲུན་ནང་སྒོ་བསྟེན་ཐོག་ཁང་དང་། གསོ་རིག་ལག་རྩལ་ཐོག་ཁང་། ནད་སྡོད་ཐོག་ཁང་། ཚ་རྒྱས་སྒོ་བསྟེན་སྨན་ཁང་། མཐོ་གནོན་གསོ་རླུང་ཁང་། གཤེར་གཟུགས་གསོ་རླུང་ས་ཚིགས་སོགས་ཚུད་ཡོད། རྣམ་གྲངས་བསྐྲུན་རྗེས། དེ་ནི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཞིག་ཏུ་འགྱུར་རྒྱུ་རེད།

    2.jpg

    ལས་ཡུལ།

    3.jpg

    བྱིས་ནད་ཚན་ཁག་གི་འཆར་འགོད་དཔེ་རིས། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་ཚོགས་པས་མཁོ་འདོན་བྱས།

    ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་ཚོགས་པ་བོད་རང་སྐྱོང་ལྗོངས་ཀྱི་སྨན་ཁང་རྣམ་གྲངས་ཀྱི་ཅིང་ལི་གཞོན་པ་ཝང་ལེ་ཡིས“རང་སྐྱོང་ལྗོངས་ཀྱི་སྨན་ཁང་ལ་ད་དུང་ལྕགས་སྒྲོམ་བར་ཁྱམས་གཅིག་གིས་སྒོ་བསྟེན་སྨན་ཁང་གི་ཚོམས་ཆེན་དང་། གསོ་རིག་ལག་རྩལ་ཐོག་ཁང་། ནད་སྡོད་ཐོག་ཁང་གི་ནད་ཁང་མང་པོ་ཞིག་དང་འབྲེལ་བས། ནད་པས་སྨན་པ་བསྟེན་པར་སྟབས་བདེ་བསྐྲུན་རྒྱུ་རེད་ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།