ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ནས“ལྟེ་བ་གཅིག་དང་། ཁྱམས་རིང་གཉིས། ཡུག་འབྲེལ་གསུམ། ཀ་བ་བཞི། འབྲེལ་ཚིགས་མང་བ”བཅས་ཀྱི་སྤྱིའི་བཀོད་ཇུས་གཞིར་བཟུང་། “དགུ་སྤེལ”བྱེད་སྒོ་གཞི་རྟེན་དུ་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དང་། ཚད་གཞི་མཐོ་པོས་སྐུལ་འདེད། རྩེ་རིམ་ཇུས་འགོད། དྲིལ་བསྒྲགས་སློབ་གསོ། དཔེ་སྟོན་སྣེ་ཁྲིད། གནད་སྨིན་མཛུབ་ཁྲིད་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་གོམ་པ་བརྟན་པོ་ཞིག་སྤོ་རྒྱུར་སྤྱི་འདོམས་ངང་སྐུལ་འདེད་བཏང་བ་རེད།
རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཏེ་རང་འགན་ཐེག་པ་ཁུར་ལེན་བྱས་པ།
ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་རྫོང(ཆུས)ཁག་དང་ཤང(གྲོང་རྡལ)དང་གྲོང་ཁྱེར་གྱི“དགུ་སྤེལ”སྣེ་ཁྲིད་ཚན་པའི་འགན་ཁུར་བ་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་གསོ་སྦྱོང་ལ་ཞུགས་པ་དང་། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གསོ་སྦྱོང་ལ་ཞུགས་མཁན་69ཡིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ”དང“འཛུགས་གཏོད་བྱེད་དོན་གང་ཡིན་པ་དང་འཛུགས་གཏོད་ཇི་ལྟར་བྱེད་པ”སོགས་ཀྱི་ནང་དོན་ལ་དམིགས་ནས་མིག་སྔའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་བརྒྱུད་རིམ་ལྡན་ཞིང་ཕྱོགས་ཡོངས་ནས་སློབ་སྦྱོང་བྱས་པ་རེད། སློབ་སྦྱོང་ཉིན་4བྱས་པ་བརྒྱུད། གསོ་སྦྱོང་ལ་ཞུགས་མཁན་གྱིས་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པས་གསོ་སྦྱོང་གི་སྔོན་དཔག་ཕན་འབྲས་ཐོན་ཡོད་པ་རེད།
ཆབ་མདོ་གྲོང་ཁྱེར་གྱིས་ལོ་1ནས་2བར་སྤྱད་དེ། རྫོང(ཆུས)ཁག་གི་མི་རིགས་ཆོས་ལུགས་ཀྱི་ཁག་བགོས་དོ་དམ་འགོ་ཁྲིད་པ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་། ཤང(གྲོང་རྡལ)ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ཨུ་ཡོན། གྲོང་ཚོ(གྲོང་ལྷན)ཏང་ཀྲི་པུའི་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ཨུ་ཡོན། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པའི་འཛུགས་གཏོད་གཞུང་ལས་ཁང་གི་འགན་འཁུར་བ་བཅས་ལ་རེས་སྐོར་གསོ་སྦྱོང་ཐེངས་གཅིག་བྱས་ཏེ། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་མི་ཚང་མས་རྟོགས་པ་དང་མི་རིགས་ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པའི་འགན་ལེན་བྱས་པ་རེད།
མིག་སྔའི་བར། ཆབ་མདོ་གྲོང་ཁྱེར“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར”དུ་བསྐྲུན་པ་དང་། འཇོ་མདའ་རྫོང་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྫོང(ཆུས)དུ་བསྐྲུན་པ། འཇོ་མདའ་རྫོང་དང་། ལྷོ་རོང་རྫོང་། སྨར་ཁམས་རྫོང་བཅས་རང་སྐྱོང་ལྗོངས་རིམ་པའི་དཔེ་བཟང་རྫོང(ཆུས)དུ་བསྐྲུན་པ། གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ་66ཡོད།
དཔེ་མཚོན་གྱིས་སྐུལ་ཁྲིད་བྱས་ཏེ་བྱ་སྤྱོད་ཡོད་ལ་ཕན་འབྲས་ཀྱང་ཐོན་པར་བྱས་པ།
ལྷོ་རོང་རྫོང་ཤོ་པ་མདོ་ནི་དེ་སྔ་ཇ་རྟའི་གནའ་ལམ་གྱི་ས་ཚུགས་གལ་ཆེན་ཞིག་རེད་ལ། “ཆིང་རྒྱལ་རབས་ཀྱི་རྒྱའི་བང་སོའི་ཚོགས”དང“དམག་སྡེ་བཅོ་བརྒྱད་པའི་སྒར་ས”སོགས་རིག་གནས་ལོ་རྒྱུས་ཀྱི་གནའ་ཤུལ་གནས་སའང་རེད། དེ་གར་ཤོ་པ་མདོའི་སེང་བྲོ་དང་མི་རིགས་མཐུན་སྒྲིལ་གྱི“ལས་འབྲེལ་སྡོང་པོ”ཡོད་ལ། ད་དུང་ཟླ་མཆོད་བག་ལེབ་བཟོ་བ་དང་སྐྱུར་ཚལ་སྙོལ་བ་སོགས་ཀྱི་གོམས་སྲོལ་ཡང་ཡོད་པས་བོད་རྒྱ་མི་རིགས་དབར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཀྱི་གཏམ་རྒྱུད་ཉེ་རིང་གང་སར་ཁྱབ་ཡོད།
ཚེ་གང་སེང་བྲོའི་རྒྱུན་འཛིན་ལས་ལ་གཞོལ་བའི་བསྟན་པ་ཨ་ཉི་ནི་འདི་ལོ་ལོ་68ལ་སླེབས་ཤིང་། ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་དང་བསྟན་པ་ཨ་ཉིའི་འབད་བརྩོན་འོག ཤོ་པ་མདོའི་སེང་བྲོའི་རྒྱུན་འཛིན་དཔུང་ཁག་རིམ་བཞིན་སྟོབས་ཆེར་སོང་ནས། བོད་རྒྱ་མི་རིགས་ཀྱི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་དཔང་པོ་བྱེད་མཁན་དུ་གྱུར་ཏེ་མི་དེ་བས་མང་བས་རྒྱུས་མངའ་ལོན་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ཡི་ལས་དོན་སྤེལ་རིང་མིག་དཔེ་སྟོན་པའི་ཕྱོགས་སྟོན་གསལ་པོ་བརྟན་པོར་བཙུགས་ཏེ་འཛུགས་གཏོད་ལ་བརྟེན་ནས་ཚད་ལྡན་ལ་སྐུལ་འདེད་གཏོང་བ་དང་། དཔེ་སྟོན་ལ་བརྟེན་ནས་ཁྱོན་ཡོངས་ལ་སྣེ་འཁྲིད་པ། དཔེ་སྟོན་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་ཅུང་ཆེ་བའི་དཔེ་མཚོན་ཁག་གཅིག་འདེམས་པ་བཅས་བྱས་ནས། “ཚིགས་འབྲེལ་མཐུད་དང་། ཡུག་འབྲེལ་མཐུད། ཁྱོན་སྣེ་ཁྲིད”བཅས་ཀྱི་འཛུགས་གཏོད་ལས་དོན་གྱི་བཀོད་པ་སྐྲུན་པར་ཤུགས་སྣོན་བརྒྱབ་པ་རེད། མིག་སྔར་མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་རེར་ཡིག་ཚགས་རེའི་ཐོ་འགོད་བྱས་པར་དུད་ཚང་1840ཟིན་གྱི་ཡོད།
དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་སེམས་སུ་ཟུག་པར་བྱས་པ།
སྔར་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་གཞུང་ལམ་གཞོགས་ཀྱི་གྱང་དང་། ཞབས་ཞུའི་སྐར་ཁུང་། རྒྱལ་ལམ་ལམ་དུམ། སྤྱི་པའི་འདུ་འཛོམས་བྱེད་ས་སོགས་བེད་སྤྱོད་གང་ལེགས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སྒྲོམ་སྟེགས་བཟོ་བ་དང་སྦྱར་ཡིག་འགེལ་བ་སོགས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། ཐང་ཆེན། ཁྱམས་རིང་བཅས་གཏོད་པར་ཤུགས་སྣོན་བརྒྱབ་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པའི་འཐབ་ས་གལ་ཆེན་དུ་གྱུར་ཡོད།
རྩ་བ་ཟབ་ན་ལོ་འདབ་རྒྱས། ཆབ་མདོ་གྲོང་ཁྱེར་གྱིས་སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་ལ་བརྟེན་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཡོད།
“ཆབ་མདོའི་མི་རིགས་མཐུན་སྒྲིལ་འཛུགས་གཏོད”ཀྱི་སྐད་འཕྲིན་སྤྱི་རྟགས་སྤྱད་ནས་གྲོང་ཁྱེར་ཡོངས་ཀྱི་འཛུགས་གཏོད་ལས་དོན་སྤེལ་ཚུལ་དང་། བྱེད་སྟངས་གལ་ཆེན། ཁྱད་ལྡན་གྱི་བཀྲག་མདངས་འཚེར་ས་བཅས་འཕྲལ་མ་ཉིད་དུ་བརྒྱུད་སྤེལ་བྱས་པ་དང་དུས་མཚུངས། ལྗོངས་ནང་ཁུལ་གྱི་གཙོ་རྒྱུན་སྨྱན་སྦྱོར་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་དྲིལ་བསྒྲགས་ཀྱི་བྱ་ཐབས་ཡངས་སུ་བཏང་བ་དང་། དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་སོགས་དུས་ཆེན་གལ་ཆེན་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་རྣམ་པ་སྣ་ཚོགས་ཀྱི་མི་རིགས་རིག་རྩལ་ལེ་ཚན་དང་མཉམ་འདྲེས་བྱས་ཏེ་རིམ་ཁག་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་བྱེད་སྒོ་གཉེར་བ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ལ་བག་ཆགས་བཟང་པོ་དང་སློབ་གསོ་ཐེབས་ཡོད།