དབུ་ཤོག
  • ​བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཁག་གཅིག་ངོ་སྤྲོད་མདོར་བསྡུས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-05-19

    གོ་ལ་ཧྲིལ་པོའི་རྟེན་རྫས་བཤམས་མཛོད་ཁང་གི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་སྤྱི་དམངས་ཀྱིས་རྟེན་རྫས་བཤམས་མཛོད་ཁང་གི་བྱ་གཞག་ཤེས་རྟོགས་དང་། དེར་ཞུགས་པ། དེར་དོ་ཁུར་བཅས་བྱེད་པའི་ཡིད་དབང་འགུག་ཆེད། རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་མཐུན་ཚོགས་ཀྱིས་1977ལོའི་ཟླ་5ཚེས་18ཉིན་རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོ་ཨང་དང་པོར་གཏན་འཁེལ་བྱས་པ་མ་ཟད། ལོ་ལྟར་རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་གཏན་འཁེལ་བྱེད་ཀྱི་ཡོད་ཅིང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“རྟེན་རྫས་བཤམས་མཛོད་ཁང་གི་སྟོབས་ཤུགས”ཞེས་པ་དེ་རེད། གཤམ་ལ་རྩོམ་སྒྲིག་པས་ཁྱེད་རྣམས་ལ་བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཁག་གཅིག་ངོ་སྤྲོད་མདོར་བསྡུས་ཞུ་རྒྱུ་ཡིན།

    བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། 

    གནས་ཡུལ། ལྷ་ས་གྲོང་ཁྱེར།

    111.png

    སྒྱུར་བཀོད་རྒྱས་སྐྲུན་བྱས་རྗེས་ཀྱི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནི་བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་དེ་རེད་ལ། རིག་དངོས་ཉར་ཚགས་ཀྱི་སྒྲིག་གཞི་ཆེ་ཤོས་དེའང་རེད། རྟེན་རྫས་བཤམས་མཛོད་ཁང་གིས་རིག་གནས་ཀྱི་བྱེད་ནུས་དང་སྤྱི་པའི་ཞབས་ཞུའི་ནུས་པ་གལ་ཆེན་འདོན་སྤེལ་གྱི་འགན་འཁྲི་ཕྲག་ཏུ་ཁུར་དང་འཁུར་མུས་རེད།

    བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་། 

    གནས་ཡུལ། ལྷ་ས་གྲོང་ཁྱེར།

    222.png

    བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་ནི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་། ཉར་ཚགས། ཞིབ་འཇུག སློབ་གསོ། ཉམས་ལེན། མཉམ་འགུལ་སོགས་ཀྱི་བྱེད་ནུས་གཞི་གཅིག་ཏུ་འདུས་པའི་ཆེད་ལས་རྟེན་རྫས་བཤམས་མཛོད་ཁང་ཞིག་རེད།

    བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་། 

    གནས་ཡུལ། ལྷ་ས་གྲོང་ཁྱེར།

    333.jpg

    བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་ནི་བོད་ཀྱི་རང་བྱུང་ཚན་རྩལ་རིགས་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེ་རེད་ལ། ཚན་རྩལ་རང་བཞིན་དང་། ཐེ་ཞུགས་རང་བཞིན། སྤྲོ་འཕེལ་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ཚན་རིག་ཁྱབ་གདལ་སློབ་གསོ་དང་ཡུལ་སྐོར་ལྟ་སྐོར་རྟེན་གཞི་ཞིག་ཀྱང་རེད།

    བོད་ལྗོངས་གཡག་རྟེན་མཛོད་གླིང་། 

    གནས་ཡུལ། ལྷ་ས་གྲོང་ཁྱེར།

    444.png

    ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་ཡོད་པའི་བོད་ལྗོངས་གཡག་རྟེན་མཛོད་གླིང་2014ལོའི་ཟླ་5ཚེས་18ཉིན་སྒོ་ཕྱེ་བ་དང་། དེ་ནི་འབྲི་གཡག་དང་འབྲི་གཡག་གི་རིག་གནས་ཆེད་དོན་དུ་བྱས་པའི་རྟེན་མཛོད་གླིང་ཞིག་རེད།

    ལྷོ་ཁ་རྟེན་རྫས་བཤམས་མཛོད་ཁང་། 

    གནས་ཡུལ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་།

    555.png

    ལྷོ་ཁ་རྟེན་རྫས་བཤམས་མཛོད་ཁང་ནི་དེ་སྔོན་ལྷོ་ཁའི་ཡར་ཀླུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་རེད། དེའི་འགྲེམས་ཁང་གཙོ་བོའི་གྲས་སུ་ལྷོ་ཁའི་ལོ་རྒྱུས་དངོས་རྫས་འགྲེམས་ཁང་དང་། ཡུལ་གོམས་གཤིས་ལུགས་འགྲེམས་ཁང་། སྲོལ་རྒྱུན་སྒྱུ་རྩལ་འགྲེམས་ཁང་། ཚད་ལྡན་ཡིག་ཆ་དང་ཡིག་ཚགས་འགྲེམས་ཁང་སོགས་ཚུད་ཡོད།

    ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་། 

    གནས་ཡུལ། ཆབ་མདོ་གྲོང་ཁྱེར་ཆབ་མདོ་གྲོང་རྡལ།

    666.png

    ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་ནི་ཆབ་མདོའི་རིག་དངོས་ཉར་ཚགས་དང་། སྲུང་སྐྱོང་། ཞིབ་འཇུག སློབ་གསོ། བེད་སྤྱོད། འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེ་རེད་ལ། ཁམས་པའི་ཤེས་དཔལ་དང་། བོད་ཤར་རྒྱུད་ཀྱི་ས་ཁམས། ཀྲུང་གོའི་གསར་བརྗེའི་སྙིང་སྟོབས་བཅས་ཀྱི་མཚོན་རྟགས་དང་རང་བྱུང་མཚོན་རྟགས་ཤིག་ཀྱང་རེད།

    གཞིས་རྩེ་རྫོང་རིའི་རྟེན་རྫས་བཤམས་མཛོད་ཁང་།

    གནས་ཡུལ། གཞིས་རྩེ་གྲོང་ཁྱེར།

    777.png

    གཞིས་རྩེ་རྫོང་རིའི་རྟེན་རྫས་བཤམས་མཛོད་ཁང་ནི་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པར་གནས་ཤིང་། བཀྲ་ཤིས་ལྷུན་པོའི་འགྲམ་དུ་ཡོད་པས“ཕོ་བྲང་པོ་ཏ་ལ་ཆུང་བ”ཞེས་ཀྱང་འབོད་སྲོལ་ཡོད། བཤམས་མཛོད་ཁང་དེའི་ནང་ཉར་བའི་དངོས་རྫས་གྲས་སུ་སྐུ་འདྲ་དང་། ཐང་ག དཔེ་ཆ། དཀར་ཡོལ། རྫ་ཆས། དམངས་སྲོལ་རིགས་ཀྱི་རིག་དངོས་སོགས་ཡོད།

    ཉིང་ཁྲི་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་། 

    གནས་ཡུལ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས།

    888.png

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་ཡོད་པའི་ཉིང་ཁྲི་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་ནི་མིག་སྔར་བོད་ཀྱི་རྒྱ་ཁྱོན་ཆེ་ཤོས་དང་བྱེད་ནུས་ཆ་ཚང་ཤོས་ཀྱི་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན་ཞིང་། བོད་ཤར་ལྷོའི་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་ཡུལ་གོམས་གཤིས་ལུགས་ནི་དེ་གའི་འགྲེམས་དོན་གྱི་ནང་དོན་གཙོ་བོ་རེད།

    བོད་ལྗོངས་བཤད་སྒྲ་ཐང་གའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་། 

    གནས་ཡུལ། ལྷ་ས་གྲོང་ཁྱེར།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ལྷོ་ངོས་ཀྱི་བཤད་སྒྲ་སྒོ་རའི་ནང་ཡོད་པའི་བོད་ལྗོངས་བཤད་སྒྲ་ཐང་གའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་ནི་དམངས་ཁྲོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན་པ་དང་། དེའི་ནང་ནས་ཐང་གའི་སྒྱུ་རྩལ་གྱི་ཉིང་བཅུད་དེ་བས་མང་བ་ཉམས་ལེན་བྱེད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།