རིམས་འགོག་སྨན་ཁབ་གཟེད་ནས་འགོག་སྲུང་ཡག་པོ་བྱེད་དགོས།
ཏོག་དབྱིབས་ནད་དུག་གསར་པ་མི་ཚང་མར་འགོ་སླ་པོ་ཡོད། འོན་ཀྱང་དེ་དག་ལས་རྒན་རྒོན་དང་གཞི་ནད་ཡོད་མཁན་ལ་དེ་བས་འགོ་སླ་པོ་ཡོད། གང་ལགས་ཤེ་ན། རྒན་རྒོན་གྱི་ནད་འགོག་ནུས་པ་གཞོན་ནུ་ལས་ཞན་པ་མ་ཟད། ཕལ་ཆེ་བར་གཞི་ནད་ཡོད་པས། གལ་ཏེ་རིམས་ནད་འགོས་ཚེ་དར་མ་དང་བྱིས་པ་ལས་ནད་གཞི་ལྕི་བ་དང་འཆི་བའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།
ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་གཟེད་ན། རིམས་ནད་ཚབས་ཆེན་སྔོན་འགོག་ལ་ནུས་པ་ཧ་ཅང་ཆེན་པོ་ཡོད། དེའང་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་གཟེད་ཚེ། རྒན་རྒོན་ལ་ནད་གཞི་ལྕི་པོ་ཕོག་ཚད་དང་རྒན་རྒོན་འཆི་ཚད་དམའ་རུ་འགྲོ་གི་ཡོད།
གྲངས་གཞི་ལས་མངོན་པར། མིག་སྔར་རྒྱལ་ཕྱི་རྒྱལ་ནང་དུ་ཏོག་དབྱིབས་ནད་དུག་གསར་པའི་ཀྲུང་གོའི་རིམས་འགོག་སྨན་ཁབ་གཟེད་མཁན་ལོ་ན་མཐོ་ཤོས་ལོ་106རེད། འབྲེལ་ཡོད་གྲངས་གཞི་བསྡོམས་རྩིས་བྱས་པ་བརྒྱུད། རྒན་རྒོན་གྱིས་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་གཟེད་ན་ཉེན་ཁ་གང་ཡང་མེད།
ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་གཟེད་པའི་ཆ་རྐྱེན་འཛོམས་པ་དང་། སྨན་ཁབ་གཟེད་མེད་པའི་རྒན་རྒོན་ཚོས་གང་མགྱོགས་སྨན་ཁབ་གཟེད་དགོས་ལ། སྨན་ཁབ་ཁག་ཚང་མ་གང་མགྱོགས་གཟེད་དགོས།