དབུ་ཤོག
  • རིམས་འགོག་སྐོར་གྱི་བརྡ་ཐོ་གལ་ཆེན་ཞིག་བཏང་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-05-16

    ནད་རྟགས་མེད་པའི་ཚ་བ་རྒྱས་མཁན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ།

    རྫོང(ཆུས)དང་དཔལ་འབྱོར་ནུས་ཁུལ་ཁག་དང་། གྲོང་ཁྱེར་གྱི་ཐད་གཏོགས་ཚན་པ་ཁག མི་དམངས་ཚོགས་པ་ཁག ཁེ་ལས་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག རིམ་ཁག་མི་དམངས་སྨན་ཁང་བཅས་ལ།

    མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་མ་ཟད། ནད་རྟགས་མེད་པའི་ནད་པ་མངོན་གསལ་དོད་པོས་མང་དུ་ཕྱིན་པས། “བག་ལ་ཞ་བའི་ཉེན་ཁ”ཧ་ཅང་ཆེ་རུ་ཕྱིན་ཡོད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྔར་བས་ཚགས་ཚུད་དུ་བཏང་སྟེ། ནད་རྟགས་མེད་པའི་ཚ་བ་རྒྱས་མཁན་ལ་དོ་དམ་ཚད་ལྡན་བྱས་ནས། རིམས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་ཀྱིས“སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས”ཐུབ་པ་བཅས་བྱེད་ཆེད། ད་ལྟ་འབྲེལ་ཡོད་ཀྱི་དོན་ཚན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

    1.རིམ་ཁག་ཚན་པ་ཁག་དང་། ཁེ་ལས། སྤྱི་ཚོགས་ཚོགས་པ། སློབ་གྲྭ གསོལ་མགྲོན་ཁང(མགྲོན་ཁང) བཟའ་བཏུང་། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་། ཞིང་ཞོར་ཁྲོམ་ར། མཛེས་ལྗོངས་ཁུལ། འགྲུལ་སྐྱེལ་འབབ་ཚུགས། གློག་བརྙན་ཁང་། ཨར་ཁང་། KTVསོགས་མི་ཚོགས་སྟུག་སར་ཚ་བ་ཧྲི་ཧྲེ་ཏུའུ་37.4ལས་མཐོ་བ་ཟིན་རིགས་ལ། གློ་རྒྱག་པ་དང་། མིད་པ་ན་བ། སྣ་ཆུ་ཟག་པ། དབུགས་ཧལ་བ་སོགས་ཀྱི་ནད་རྟགས་མེད་ནའང་། ངེས་པར་དུ་ཚ་བ་ཡང་བསྐྱར་ལྟ་དགོས། གལ་ཏེ་ཚ་བ་ཐེངས་གཉིས(དེའི་རིང་བར་མཚམས་སྐར་མ་5ནས་10བར་འཇོག་དགོས)བལྟས་ནས་ཚ་བ་སྔར་བཞིན་ཧྲི་ཧྲེ་ཏུའུ་37.4ལས་མཐོ་བ་ཟིན་ཚེ། ཐོ(རུས་མིང་དང་། ཐོབ་ཐང་ལག་ཁྱེར། འབྲེལ་གཏུག་ཁ་པར། སྡོད་གནས་ཞིབ་ཕྲ་སོགས)འགོད་དགོས། ཆ་རྐྱེན་ལྡན་པའི་ཚན་པ་དང་། ཁེ་ལས། སྤྱི་ཚོགས་ཚོགས་པ་བཅས་ཀྱིས་དུས་ཐོག་ཏུ་ཐག་ཉེ་སའི་སྨན་བཅོས་སྒྲིག་གཞིའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་ལ་འབྲེལ་བ་བྱེད་དགོས་པ་དང་སྦྲགས། མོ་ཊ་ཆེད་མངགས(འགོག་སྲུང་ཡག་པོ་བྱེད་དགོས)བཏང་ནས་ནད་རྟགས་མེད་པའི་ཚ་བ་རྒྱས་མཁན་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྐྱེལ་དགོས། ཆ་རྐྱེན་མེད་ཚེ་ཐོ་བཀོད་རྗེས། མི་སྒེར་གྱིས་འགོག་སྲུང་ཡག་པོ་བྱེད་དགོས་པའི་བླང་བྱའི་སྔོན་འགྲོའི་ཆ་རྐྱེན་འོག སྤྱི་པའི་འགྲིམ་འགྲུལ་འཁོར་རིགས་ལ་སྡོད་དུ་མི་འཇུག་པར་ནད་པ་དང་ཐག་ཉེ་སའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པའི་ཁྲིད་སྟོན་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གནས་ཚུལ་འཕྲལ་དུ་སྡེ་ཁུལ(གྲོང་ཚོ་ཨུ་ལྷན)ལམ་ཡང་ན་ཁོང་གཏོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    2.རིམ་ཁག་དང་རིགས་ཁག་གི་སྨན་བཅོས་སྒྲིག་གཞིས་སྔོན་ཚུད་ནས་བརྟག་དཔྱད་དང་ལོགས་དབྱེ་བརྟག་དཔྱད་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སྨན་ཁང་དུ་ཡོང་མཁན་ཚང་མར་ཚ་བ་ལྟ་དགོས་པ་དང་གནས་ཡུལ་གྱི་བཤེར་རྟགས་བཤེར་དུ་འཇུག་དགོས། ཚ་བ་རྒྱས་རིགས་ལ་ངེས་པར་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང་། བྲང་ཁོག་ལ་CTརྒྱག་པ། ཁྲག་ལ་བརྟག་དཔྱད་+Cཚོར་སྣང་ཇི་འདྲ་ཡོད་མེད། དྭངས་ཁྲག་འགོག་གཟུགས་བརྟག་དཔྱད(ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་ཟིན་ན་བརྟག་དཔྱད་མ་བྱས་ནའང་འགྲིག) བཅས་བྱེད་དགོས། བརྟག་དཔྱད་བྱས་འབྲས་ཚང་མ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཆ་རྐྱེན་དང་མི་མཐུན་རིགས་ལ་ནད་པར་ཡིག་ཚགས་ཡག་པོ་བཟོས་ཏེ། བརྟག་དཔྱད་སྙན་སེང་བྲིས་རྗེས་གཞི་ནས་སྨན་ཁང་བསྒྱུར་བ་དང་འགྲོ་རྒྱུག་བྱ་ཆོག

    ཞར་བྱུང་། རྫོང(ཆུས)དང་དཔལ་འབྱོར་ནུས་ཁུལ་ཁག་གི་རིམས་ནད་གཞུང་དོན་ཁང་དང་། ཆུས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གཞུང་བཙུགས་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང(དོས་དྲག)གི་འབྲེལ་གཏུག་ཁ་པར་ཨང་གྲངས།

    ལྷ་ས་གྲོང་ཁྱེར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས།

    2022ལོའི་ཟླ་5ཚེས་12ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།