དབུ་ཤོག
  • སློབ་མ་འདི་དག་སློབ་ཡོན་མི་དགོས་པར་སློབ་གྲྭ་ཆེ་མོར་འགྲོ་ཆོག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-05-12

     ཉེ་ཆར། རྒྱལ་ཡོངས་མཐོ་རྒྱུགས་གཏོང་གྲབས་ཡོད་པས། མཐོ་རྒྱུགས་སློབ་བསྡུར་ཆེད་ལས་མང་དུ་བཏང་བའི་འབྲེལ་ཡོད་ཆ་འཕྲིན་ལ་མི་རྣམས་ཀྱིས་དོ་ཁུར་བྱེད་ཀྱི་ཡོད།

    1.jpg

    ཀྲུང་དབྱང་ནོར་དཔལ་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོ་དངོས་གཞིའི་ཚན་ཁག་ལ་ཆེད་ལས་31མང་དུ་བཏང་བའི་ནང་དཔལ་འབྱོར་རིག་པ་དང་། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། ལོ་རྒྱུས་རིག་པ། རང་བྱུང་རིག་པ། བཟོ་སྐྲུན་རིག་པ། ཞིང་ལས་རིག་པ། དོ་དམ་རིག་པ། སྒྱུ་རྩལ་རིག་པ་བཅས་རིག་ཚན་ཆེ་གྲས་དགུ་ཚུད་ཡོད། མཐོ་སློབ་38ཀྱིས་ཆེད་ལས་མང་དུ་གཏོང་བའི་ཞིབ་མཆན་བྱས་པའི་ནང་བཟོ་སྐྲུན་རིག་པའི་རིགས་ཀྱི་ཆེད་ལས་14མང་དུ་བཏང་བ་དེས་བསྡུར་ཚད་མཐོ་ཤོས་བཟུང་བ་དང་། དེ་ནས་སྒྱུ་རྩལ་རིག་པ་དང་ཞིང་ལས་རིག་པ་རེད།

    2.png

    ཉེ་ཆར། སློབ་གསོ་པུའི་དྲ་ཚུགས་སུ《2022ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ཀྱི་གནས་གཏན་འཁེལ་གྱི་མངགས་ཐོའི་སློབ་ཡོན་མི་དགོས་པའི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མ་བསྡུ་བ་དང་གསོ་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་སློབ་གསོ་པུའུ་གཞུང་དོན་ཐིང་གི་བརྡ་ཐོ》བཀྲམ་པ་རེད།

    སློབ་གསོ་པུའུ་ཡིས། གནས་གཏན་འཁེལ་གྱི་སློབ་ཡོན་མི་དགོས་པའི་དངོས་གཞིའི་ཚན་ཁག་གི་སློབ་མ་5918བསྡུ་བའི་ཁྱབ་བསྒྲགས་བྱས་པ།

    3.png

    བརྡ་ཐོའི་ནང་། 2022ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མཐོ་རིམ་གསོ་རིག་སློབ་གླིང་དང་སློབ་གྲྭར་རྒྱབ་སྐྱོར་བྱས་ནས། དབུས་ནུབ་རྒྱུད་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་གནས་གཏན་འཁེལ་གྱི་མངགས་ཐོའི་སློབ་ཡོན་མི་དགོས་པའི་ལོ་ལྔའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མ་5918གསོ་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། དེའི་ནང་ནད་ཐོག་གསོ་རིག་དང་། ཀྲུང་ལུགས་གསོ་རིག སོག་ལུགས་གསོ་རིག་བཅས་ཀྱི་ཆེད་ལས་ཡོད་པ་བསྟན་ཡོད།

    བརྡ་ཐོའི་ནང་། སློབ་ཡོན་མི་དགོས་པའི་གནས་གཏན་འཁེལ་གྱི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མ་བསྡུས་རྗེས་དང་སློབ་ཞུགས་བརྡ་ཐོ་མ་འབྱོར་གོང་། ངེས་པར་དུ་གསོ་སྐྱོང་བྱེད་མཁན་གྱི་མཐོ་སློབ་དང་། གནས་གཏན་འཁེལ་གྱི་ལས་ཞུགས་བྱ་ཡུལ་གྱི་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་དང་མི་སྤྱིའི་སྲིད་འཛིན་སྡེ་ཚན་དང་གནས་གཏན་འཁེལ་གྱི་གསོ་སྐྱོང་དང་ལས་ཞུགས་གྲོས་མཐུན་འཇོག་དགོས་པ་དང་། སློབ་ཡོན་མི་དགོས་པའི་གནས་གཏན་འཁེལ་གྱི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མ་གྲོང་གསེབ་ཀྱི་སློབ་མ་ཁོ་ན་ལས་བསྡུ་མི་ཆོག་པའི་བླང་བྱ་བཏོན་འདུག

    4.png

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།