དབུ་ཤོག>གསར་འགྱུར།
  • ཆུ་གསུམ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-11

    ཉེ་བའི་ལོ་ཤས་རིང་ཆུ་གསུམ་རྫོང་གིས་གླེང་ཕྱོགས་ཀྱི་རྣམ་པ་དང་། དྲིལ་བསྒྲགས་སློབ་གསོ། འཛུགས་གཏོད་གཟེངས་བསྟོད། སྤྱི་ཚོགས་ཀྱི་ལག་ལེན་བཅས་དམ་འཛིན་བྱ་གཞིར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་པ་རེད།

    ཆུ་གསུམ་རྫོང་གིས་དྲིལ་བསྒྲགས་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་གཏོད་པའི་ཐད་དོ་སྣང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཐང་ཆེན་དང་མི་རིགས་མཐུན་སྒྲིལ་ཁྲོམ་གཞུང་བསྐྲུན་པ་བརྒྱུད། རྫོང་ཁོངས་ཀྱི་མངོན་གསལ་དོད་ས་དང་། ས་ཆ་གལ་ཆེན། འགྲིམ་འགྲུལ་ལམ་རྒྱུད། ཤང་གྲོང་། གྲོང་ཚོ(གྲོང་ལྷན) དགོན་སྡེ་བཅས་སུ་བརྡ་ཆའི་བྱང་བུ་དང་དྲིལ་བསྒྲགས་སྒྲོམ་གཞི་བཙུགས་པས་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ཐད་ཁྱབ་རྒྱ་ཆེ་རུ་བཏང་ཞིང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་རུ་ཁག་རྐང་འཛིན་སྟོབས་ཤུགས་སུ་བྱས་ནས་སྒྲོག་འགྲེལ་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པའི་ཐད་གཏིང་ཚད་ཟབ་ཏུ་བཏང་ཞིང་། རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་11དང་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་3གྱི་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱི་ཞུགས་སྣང་དང་། ཐོབ་སྣང་། སྐྱིད་སྣང་བཅས་ཟབ་ཏུ་བཏང་ཞིང་། བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་བརྒྱུད་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།