དབུ་ཤོག
  • སྤྱི་ཚོགས་འགན་སྲུང་གཱ་སྤྱད་ན་ཞབས་འདེགས་འདི་དག་ལོངས་སུ་སྤྱད་ཆོག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-05-10

    རང་རྒྱལ་ལ་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་མཁན་མི་གྲངས་དུང་ཕྱུར་13.55ལྷག་ཙམ་ཡོད་པ་དང་། སྤྱི་ཚོགས་འགན་སྲུང་གཱ་ཡི“གཱ་གཅིག་ཀུན་འཐུས”ལ་བྱེད་ནུས་གང་དག་ཡོད་དམ། གཱ་སྤྱོད་མཁན་གྱིས་གཱ་བེད་སྤྱོད་བྱེད་སྐབས་སྟབས་བདེའི་ཞབས་འདེགས་གང་དག་ལོངས་སུ་སྤྱད་ཆོག་གམ། གཤམ་ལ་ང་ཚོ་མཉམ་དུ་རྒྱུས་མངའ་ཞིག་གནང་དང་།

    1.jpg

    ཉེ་བའི་ལོ་ཤས་རིང། མི་སྤྱི་པུའུ་ཡིས“གཱ་གཅིག་སྤྱོད་མང་དང་རྒྱལ་ཡོངས་སུ་སྤྱད་ཆོག་པའི”རྩ་དོན་ལ་གཞིགས་ནས་ཕྲུ་གུ་སྐྱེ་བ་དང་། ལས་ཞུགས། ལས་ཤོར། ས་ཆ་གང་སར་སྐྱོད་པ། རྒན་ཡོལ་ཞུས་པ་སོགས་གཙོ་བོར་བྱས་ནས་ལས་སྒོ་ཚང་མ་གཱ་ནས་གཉེར་ཆོག་པ་དང་། དྲ་ཐོག་དང་དྲ་ཕྱི་ནས་སྤྱད་ཆོག་པ། ཚེ་གང་རིང་སྤྱད་ཆོག་པ་བཅས་ལ་སྐུལ་འདེད་དང་། གྲོང་མིའི་ལས་སྒོར་ཞབས་འདེགས་ཞུ་བའི“གཱ་གཅིག་ཀུན་འཐུས”ཀྱི་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། སྟབས་བདེ་ལ་མྱུར་བའི་ཞབས་འདེགས་མཁོ་འདོན་བྱས་ནས། མང་ཚོགས་ཚོས་བློས་འགེལ་ཆོག་ལ་དེ་བས་ལེགས་པའི་དམངས་འཚོའི་འགན་སྲུང་ཚོར་བར་བྱས་ཡོད།

    ཕྲུ་གུ་སྐྱེ་བ།

    2.png

    ཕྲུ་གུ་སྐྱེ་སྐབས་ཀྱི་ཞབས་འདེགས་བརྒྱུད། ཕྲུ་གུ་དམར་འབྱར་གྱི་སྤྱི་ཚོགས་འགན་སྲུང་གཱ་རེ་ཞུ་དང་གཉེར་ཞོར་དུ་ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་དང་། བྱིས་པར་རིམས་འགོག་སྨན་ཁབ་རྒྱག་པ། ཐེམ་ཐོ་བཟོ་བ། སྨན་བཅོས་འགན་བཅོལ་ལ་ཞུགས་པ་སོགས་སྒྲུབ་ཐུབ།

    ལས་ཞུགས།

    3.png

    གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ལ་བརྟེན་ནས“དྲ་ཐོག་ལས་ཞུགས”ཀྱི་གཅིག་འཐུས་རྣམ་པའི་ལས་མི་བསྡུ་བའི་ཞབས་འདེགས་ཞུ་གི་ཡོད་ཅིང་། ལས་ཀ་འཚོལ་མཁན་གྱིས་དུས་ངེས་མེད་དུ་རྒྱལ་ཡོངས་ཁྱབ་ཁོངས་སུ་ལས་རིགས་ངོ་སྤྲོད་སྒྲིག་གཞིས་ཁྱབ་བསྒྲགས་བྱས་པའི་ལས་མི་བསྡུ་བའི་ལས་གནས་བློ་འདྲི་དང་རེ་འདུན་ཞུ་ཆོག ས་གནས་ཁག་གིས་ལས་ཞུགས་ལས་གཏོད་ལག་ཁྱེར་དང་སྤྱི་ཚོགས་འགན་སྲུང་གཱ་ཡི“ལག་ཁྱེར་དང་གཱ་ཟླ་སྒྲིལ”གཏོང་བར་སྐུལ་འདེད་བཏང་བས། སྤྱི་ཚོགས་འགན་སྲུང་གཱ་ཡོད་ན་ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་གཡར་ཐུབ་པ་དང་། ཤེས་ལྡན་པར་“གཱ་གཅིག་ཀུན་སྒྲུབ”ནས་ཞབས་འདེགས་ལོངས་སྤྱོད་ཐུབ་སྟེ། ལས་ཞུགས་སྔར་བས་སྟབས་བདེ་ལ་ལས་གཏོད་ལ་སྔར་བས་འགན་སྲུང་ཐུབ་སྲིད།

    གསོ་སྦྱོང་།

    4.png

    རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཚང་མར་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ཡི་ལས་རིགས་གསོ་སྦྱོང་འཛིན་ཤོག་གི་བྱེད་ནུས་ཤར་གཏོང་ཐུབ་ཡོད། ཆ་རྐྱེན་ཚང་བའི་ངལ་རྩོལ་བས་ལས་རིགས་གསོ་སྦྱོང་གི་འཛིན་ཤོག་ཁྱེར་ནས་འབྲེལ་ཡོད་ཀྱི་ལས་རིགས་རྩལ་ནུས་ཀྱི་མིང་ངོ་མ་འགོད་པའི་ཞབས་འདེགས་གདམ་ག་དང་ལོངས་སུ་སྤྱད་ཆོག དེ་དང་དུས་མཚུངས་ངལ་རྩོལ་བས་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་རང་ཉིད་ཀྱི་ལས་རིགས་ཐོབ་ཐང་ལག་ཁྱེར་དང་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་སོགས་བློ་འདྲི་བྱ་ཆོག

    ལས་ཤོར།

    5.png

    གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ནས་རྒྱལ་ཡོངས་ཁྱབ་ཁོངས་སུ་ལས་ཤོར་ཐོ་འགོད་དང་ལས་ཤོར་འགན་བཅོལ་གྱི་ཐོབ་ཐང་རེ་འདུན་ཞུ་བ་དང་བླངས་ཆོག ལས་ཤོར་བས་ཁྱིམ་ནས་དོན་མི་དགོས་པར་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་ཐོབ་ཐང་ཞིབ་དཔྱད་བྱས་ན། ལས་ཤོར་འགན་བཅོལ་དངུལ་ལམ་ཡང་ན་ལས་ཤོར་ཁ་གསབ་དངུལ་རེ་འདུན་ཞུ་བ་དང་བླངས་ཆོག

    འགན་བཅོལ་ལ་ཞུགས་པ།

    6.png

    མང་ཚོགས་ཀྱིས་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་རང་ཉིད་ཀྱིས་ས་གནས་ཁག་ཏུ་འགན་བཅོལ་ལ་ཞུགས་པའི་སྤྱི་ཚོགས་འགན་སྲུང་གི་ཁེ་དབང་ཟིན་ཐོ་བློ་འདྲི་བྱ་ཆོག་ལ། ཁེ་ལས་ཀྱི་ལས་བཟོའི་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་སྒྱུར་བའི་ལས་སྒོ་རེ་ཞུ་དང་འགྲོ་ལུགས་ཀྱང་གཉེར་ཆོག དེས་ན་འགན་བཅོལ་ལ་ཞུགས་པའི་གྲོན་འཇལ་དཔང་ཡིག་པར་སློག་རྒྱག་པའམ་ཡང་ན་ས་གནས་གཉིས་སུ་ཡར་རྒྱུག་མར་རྒྱུག་བྱེད་དགོས་མེད་པས། “འགྲོ་ལུགས་ཆ་ཚང་དྲ་ཐོག་ནས་གཉེར་ཐུབ་ཀྱི་ཡོད”

    དེ་དང་དུས་མཚུངས་ས་གནས་ཁག་གིས་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་སྤྱི་ཚོགས་འགན་སྲུང་གི་ལས་སྒོ“སོ་སོས་གཉེར་བ”དང“དྲ་ཐོག་ནས་གཉེར་བ” “ཁ་པར་ནས་གཉེར་བ”བཅས་བྱ་ཆོག

    རྒན་གསོ།

    7.png

    མང་ཚོགས་ཀྱིས་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ཡི“ངོ་བཤེར”བརྒྱུད་སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་དང་འོས་བབ་བདེན་དཔང་ར་སྤྲོད་བྱེད་ཐུབ། དེ་དང་དུས་མཚུངས་མི་སྤྱི་སྡེ་ཚན་གྱིས་འགྲིམ་འགྲུལ་འགྲོ་སྐྱོད་དང་། འཚོ་གནས་ཀྱི་གནས་བབ། ཁྲིམས་ཆད་འཁུར་བ་སོགས་སྡེ་ཚན་ལས་བརྒལ་བའི་གྲངས་གཞིར་སྡུར་བ་བྱས་པ་བརྒྱུད། གྲངས་གཞི་ཆེན་པོར་བརྟེན་ནས“ཚོར་མེད་བདེན་དཔང་ར་སྤྲོད”མངོན་འགྱུར་ཡོང་བར་བྱས་ཏེ། དུས་ཐོག་ཏུ་རྒན་གསོའི་དངུལ་ལེན་ཐུབ་པའི་འགན་ལེན་བྱས་ཡོད། ས་གནས་ཁག་གིས་སྤྱི་ཚོགས་འགན་སྲུང་གཱ་དང་བདེ་ཐང་ཨང་རྟགས་འབྲེལ་མཐུད་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞིང་། སྐབས་དེ་དུས་རིག་ནུས་ཁ་པར་སྤྱོད་མི་ཤེས་པའི་རྒན་རྒོན་གྱིས་ཀྱང་སྤྱི་ཚོགས་འགན་སྲུང་གཱ་སྤྱད་དེ་བདེ་ཐང་གི་གནས་ཚུལ་བློ་འདྲི་དང་ངོ་བཅར་བྱེད་མཁན་ཐོ་འགོད་བྱ་ཆོག

    8.png

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།