ལྔ་བཞི་གཞོན་ནུའི་དུས་ཆེན་དང་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་103འཁོར་བའི་དྲན་གསོའི་ཉིན་མོ་འཆར་བའི་སྐབས་སུ་ང་ཚོས་ལྗོངས་ཡོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་དང་རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
“ལང་ཚོའི་འགྲན་ལམ་ཐོག་ནུས་ཤུགས་ཡོད་རྒུས་རྒྱུགས་ནས་དེང་རབས་གཞོན་ནུའི་གྲུབ་འབྲས་ཡག་ཤོས་ཐོབ་རྒྱུའི་བརྩོན་ལེན་བྱེད་དགོས” ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོར་ཏང་གི་བཀའ་སློབ་བློ་ལ་བརྟན་པོར་འཆང་བ་དང་མི་རིགས་བསྐྱར་དར་གྱི་ཆོད་སེམས་བརྟན་པོ་བཅངས་ཏེ་ལང་ཚོ་དང་། དུས་རབས། མི་དམངས་བཅས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་མི་རུང་ཞེས་གསུངས་པ་རེད།
ལྔ་བཞིའི་སྙིང་སྟོབས་མི་ཉམས་རྒྱུན་དུ་གནས་ཤིང་། ལང་ཚོ་རྒྱས་པའི་ཀྲུང་གོའི་སྙིང་སྟོབས་འཕེལ་བ་དང་ལང་ཚོ་དར་བའི་བོད་ལྗོངས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་འབོད་སྐུལ་ལ་ཉན་པ་དང་དུས་རབས་ཀྱི་ལས་འགན་ལྕི་པོ་འཁུར་ཕོད་པའི་ཐོག་ནས“རྒྱལ་གཅེས་དང་། ཡར་ཐོན། དམངས་གཙོ། ཚན་རིག”བཅས་ཀྱི་ལྔ་བཞིའི་སྙིང་སྟོབས་ཀྱི་འབོད་སྐུལ་འོག་ལང་ཚོ་རབ་ཏུ་རྒྱས་ཤིང་འབད་འབུངས་ཡར་བརྩོན་གྱིས་རང་སྟོབས་རང་འཕེལ་དང་། ལེགས་སྐྱེས་འབུལ་བ། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་ལང་ཚོའི་གཟུགས་བརྙན་བཀོད་ཡོད། རྒྱ་ཆེའི་གཞོན་ནུ་འཚར་ལོངས་དང་ཤེས་དཔལ་ལྡན་པར་འགྱུར་རྒྱུའི་ཐད་ཀྱི་གཙོ་འཛིན་གྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་ནས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུའི་ཐོག་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་དེ་ནི་དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་མི་རབས་ཀྱི་ཐུན་མོང་གི་འདུན་པ་དང་གཟི་བརྗིད་ཀྱི་ལས་འགན་རེད།
ལང་ཚོའི་འགྲན་ལམ་ཐོག་ནུས་ཤུགས་ཡོད་རྒུས་རྒྱུགས་ནས་དམིགས་ཚད་གཏན་འཁེལ་གྱིས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས། ཕུགས་བསམ་གྱིས་མི་ཚེའི་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་དད་སེམས་ཀྱིས་བྱ་གཞག་གི་རྒྱལ་ཕམ་ཐག་གཅོད་ཐུབ། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བར་བྱས་ནས་མར་ཁེ་སིའི་རིང་ལུགས་ལ་དད་མོས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དད་སེམས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ལ་ཡིད་ཆེས་བཅས་བརྟན་པོ་ཡོང་བར་བྱས་ནས་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཏང་གི་འབོད་སྐུལ་ཉན་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། སྲོག་ཤིང་ལ་དགའ་ཞེན། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།
ལང་ཚོའི་འགྲན་ལམ་ཐོག་ནུས་ཤུགས་ཡོད་རྒུས་རྒྱུགས་ནས་འགན་འཁྲི་ཁུར་ཕོད་པ་དང་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས། དུས་རབས་གསར་པར་བོད་དུ་འགྲན་སློང་དང་གོ་སྐབས་མཉམ་དུ་གནས་པ་དང་འཇའ་ཚོན་དང་ཆར་རླུང་མཉམ་དུ་གནས་ཡོད། ཁ་འཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོའམ་ཡང་ན་གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་གཙོ་བོ་གང་ཞིག་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་མདུན་མའམ་ཡང་ན་དམངས་འཚོའི་འདུ་འགོད་དོན་འཁྱོལ་བྱ་ཡུལ་གང་ཞིག་ཡིན་རུང་རྒྱ་ཆེའི་གཞོན་ནུ་ཚོར་དུས་རབས་ཀྱི་འགན་འཁྲི་ཁུར་ཕོད་པ་དང་། དཔའ་ངར་ཆེན་པོས་ལམ་འབྱེད་ཀྱི་གདོང་ལེན་པ། བྱ་གཞག་བརྩོན་ལེན་གྱིས་གདོང་མཆོང་པ་བཅས་བྱེད་དགོས་པའི་འབོད་སྐུལ་མི་བྱེད་མཁན་གཅིག་ཀྱང་མེད། དུས་རབས་གསར་པའི་ཁ་ཕྱོགས་དང་མཉམ་དུ་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་མེས་རྒྱལ་ལ་བརྩེ་སེམས་ཟབ་མོ་འཆང་བ་དང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པའི་བརྩེ་སེམས་དེ་འབད་འཐབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་བྱ་གཞག་གཉེར་བའི་བརྒྱུད་རིམ་ནང་ཁྱབ་པར་བྱས་ཏེ་འགན་འཁྲི་འཁུར་བའི་ཁྲོད་དུ་སྦྱོང་བརྡར་ཐེབས་པ་དང་རང་འགན་སྒྲུབ་རིང་འཚར་ལོངས་ཡོང་བར་བྱས་ནས་རང་ཉིད་ཀྱི་འགན་འཁྲིའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་དང་འཇོན་ཐང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། འབད་འཐབ་ཀྱི་སྒུལ་ཤུགས་སྐུལ་སློང་བཅས་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་དང་། སྤྱིར་བཏང་གི་ལས་གནས་ཐོག་འབད་འཐབ་དང་ལེགས་སྐྱེས་འབུལ་བ། དཀའ་ཉེན་བྲེལ་ལྕིའི་ལས་འགན་སྒྲུབ་རིང་སྔོན་ལ་གདོང་མཆོང་བྱེད་པ། གསར་གཏོད་ལས་གཏོད་བྱེད་རིང་མདུན་དུ་སྐྱོད་པ། སྤྱི་ཚོགས་ཀྱི་ཤེས་དཔལ་འཛུགས་སྐྱོང་བྱེད་རིང་སྤྱོད་ཚུལ་སྔོན་ལ་འཇོག་པ་བཅས་བྱས་ནས་ཉམས་སད་ཐེག་ཐུབ་པ་དང་། བེད་སྤྱོད་ཆེན་པོ་བྱེད་ཐུབ་པ། ལས་འགན་ལྕི་པོ་འཁུར་བ་བཅས་ཀྱི་རྐང་འཛིན་མི་སྣར་ཧུར་ཐག་འགྱུར་བ་བྱེད་དགོས།
ལང་ཚོའི་འགྲན་ལམ་ཐོག་ནུས་ཤུགས་ཡོད་རྒུས་རྒྱུགས་ནས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་དགོས། དུས་རབས་གསར་པའི་བོད་ལྗོངས་གསར་པས་གཞོན་ནུའི་འཇོན་ཐང་ངོམས་པ་དང་ཉམས་འགྱུར་སྟོན་རྒྱུར་བར་མཐོངས་ཆེན་པོ་མཁོ་འདོན་བྱས་ཡོད་ལ་གཞོན་ནུའི་འཇོན་ཐང་དང་བྱང་ཚད་ལ་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། འཇོན་ཐང་ཅན་དུ་འགྱུར་རྒྱུ་ནི་སྟབས་བདེའི་བྱ་སྤྱོད་ཐོག་ནས་མངོན་འགྱུར་ཡོང་བ་ཞིག་མིན་པར་དེར་དཀའ་སྤྱད་སྦྱོང་བརྡར་དང་དངོས་འཛིན་དངོས་སྒྲུབ་བྱེད་རྒྱུ་ལས་མ་འདས། རྒྱ་ཆེའི་གཞོན་ནུ་ཚོས“སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར”ཞེས་པ་བློ་ལ་བརྟན་པོར་འཆང་ནས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ཏེ་ལང་ཚོའི་རྒྱང་སྐྱོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། དཀའ་སྤྱད་སྙིང་རུས་ཀྱིས་བྱས་རྗེས་རྩེར་སོན་འཇོག་པ། དཀའ་སྤྱད་འབད་བརྩོན་གྱིས་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་སྒྱུར་བཅོས་ཀྱི་བྱ་གཞག་ལེགས་འགྲུབ་དང་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བར་བྱེད་དགོས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རང་རྟོགས་ངང་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་སར་རང་འགུལ་ངང་སྐྱོད་པ། དཀའ་སྤྱད་འབད་འཐབ་ཁྲོད་བློ་སྟོབས་དང་གཤིས་རྒྱུད་ཞུན་བརྡར་བྱེད་པ། འབད་འབུངས་ཡར་བརྩོན་ཁྲོད་ལང་ཚོའི་རིན་ཐང་གཏོད་པ་བཅས་བྱས་ཏེ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་འབད་འབུངས་པ་དང་། གསར་འབྱེད་པ། ལེགས་སྐྱེས་འབུལ་མཁན་བཅས་བྱེད་ཕོད་པར་བྱེད་དགོས།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལང་ཚོ་དང་དུས་རབས་ཀྱི་བརྗོད་དོན་གཙོ་བོ་བློ་ཁ་གཅིག་མཐུན་ཡོང་བར་བྱེད་པ་དང་། ལང་ཚོ་ནི་དད་སེམས་དང་། ཕུགས་འདུན། འབད་འཐབ། ལེགས་སྐྱེས་བཅས་ཡིན་པས། རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་སྒུལ་ཤུགས་སྔར་བས་ཆེན་པོ་བསྣན་ནས་མེས་རྒྱལ་དང་། དུས་རབས། ལང་ཚོ་བཅས་ལ་ངོ་གནོང་མི་དགོས་པའི་བརྗིད་ཆེའི་ལེའུ་ཞིག་བརྩམས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།