དབུ་ཤོག>གསར་འགྱུར།
  • གོང་དཔེ་འོག་སྟོན་གྱིས“སྣེ་ཁྲིད་ནུས་པ”འདོན་སྤེལ་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-19

    རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་གཙོ་འགན་འཁུར་མཁན་ནི་ས་གནས་ཁག་དང་། ཁྱབ་ཁོངས་ཁག ཚན་པ་ཁག རྩ་འཛུགས་རིམ་པ་ཁག་བཅས་ཀྱི“སྣེ་ཁྲིད་པ”རེད། འགོ་ཁྲིད་ལས་བྱེད་པས་མདུན་ཤོས་སུ་སྐྱོད་པ་དང་སྣེ་ཁྲིད་དེ་འཐབ་ས་དང་པོར་བསྐྱོད་ན་མངོན་མེད་ཀྱི་བཀའ་རྒྱ་ཞིག་དང་མཚུངས་པར། རིམ་པ་ཁག་གི་ལས་བྱེད་པས་མཉམ་དུ་དོན་འཁྱོལ་ལ་དམ་འཛིན་བྱེད་པར་སྐུལ་ཁྲིད་བྱེད་ཐུབ།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞིར”དམིགས་ཏེ“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པའི་ལས་ཀའི་གཙོ་གནད་བཏོན་ཡོད། དམིགས་ཚད་ལས་འགན་འདི་ཡག་པོ་སྒྲུབ་དགོས་ན“སྣེ་ཁྲིད་པ”ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་དང་འགག་རྩ་ཞིག་རེད།

    “སྣེ་ཁྲིད་ནུས་པ”འདོན་སྤེལ་ཡག་པོ་བྱེད་པར་རང་འགན་གཙང་སྒྲུབ་བྱེད་པའི་ཐད་མིག་དཔེ་འདོན་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་། ལྷག་པར་དུ“གཙོ་འགན་འཁུར་མཁན”ལ་ཆབ་སྲིད་ཀྱི་བློ་རྒྱ་ཡངས་པོ་དང་། བླ་ན་མེད་པའི་བསམ་པའི་འཁྱེར་སོ། ཡང་དག་པའི་རིན་ཐང་གི་ཚད་གཞི་བཅས་ཡོད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ“ཏང་ནང་ཞུགས་དོན་གང་ཡིན་པ་དང་། ལས་བྱེད་པ་བྱེད་དོན་གང་ཡིན་པ། ལས་རྗེས་གང་ཞིག་འཇོག་དགོས་པ”བཅས་ཡིད་ལ་བརྟན་པོར་བཅངས་ཏེ། འགན་འཁྲིའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། རང་དཔེ་གཞན་སྟོན། དཔེ་སྟོན་སྣེ་ཁྲིད། རང་ཉིད་དངོས་སུ་ཞུགས་པ། རང་འགན་ཐེག་པ་ཁུར་ལེན། མང་ཚོགས་ཀྱི་སྔོན་ལ་སྐྱོད་པ་དང་། ལས་དོན་དངོས་སྒྲུབ་པ་བཅས་བྱས་ནས། སྤྱི་ཡོངས་ལ་བསམ་བློ་གཏོང་མཁས་པའི“བཀོད་འདོམས་པ”ཡག་པོ་ཞིག་བྱེད་དགོས་ལ། རང་ངོ་མས“འཐབ་འཛིང་པ”ཡག་པོ་ཞིག་ཀྱང་བྱེད་དགོས། འཆར་འགོད་རི་མོ་འཁྱེར་ནས་ལས་ཡུལ་དང་ས་གནས་ས་ཐོག་ཏུ་མང་ཙམ་སྐྱོད་པ་དང་། མདུན་ཕྱོགས་སུ་བཀོད་འདོམས་དང་། སྣེ་ཁྲིད་ནས་གདོང་མཆོང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་མཐའ་འཁོར་གྱི་མི་རྣམས་ལ་ཤུགས་རྐྱེན་ཐེབས་པ་དང་། སྤྱི་མོས་ཐོབ་ཚད་ཆེ་རུ་གཏོང་བ། གཟུགས་བརྙན་གསར་པ་གཏོད་པ་བཅས་བྱས་ཐོག ཉམས་སད་ཐེག་པའི་སྤྱོད་ཚུལ་ལ་བརྟེན་ནས་སྣེ་ཁྲིད་དེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་དགོས།

    “སྣེ་ཁྲིད་ནུས་པ”འདོན་སྤེལ་ཡག་པོ་བྱེད་པར་དངོས་འཛིན་བཙན་འཐབ་བྱེད་པའི་ཐད་མིག་དཔེ་འདོན་དགོས།

    འགོ་ཁྲིད་ལས་བྱེད་པས་དོ་དམ་ནན་པོ་བྱེད་པའི་དམིགས་ཡུལ་ནི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཡིན་པས། དོ་དམ་ནན་པོ་དང་ལས་བྱེད་པའི་ཧུར་སེམས་སྐུལ་སློང་བྱེད་པ་སོ་སོར་འཕྲལ་བ་དང་ཁ་གཏད་དུ་གཏན་ནས་འཇོག་མི་རུང་བ་དང་། དོ་དམ་ནན་པོ་བྱེད་པ་ནི་གཅེས་སྐྱོང་བྱེད་པ་ཞིག་དང་ལས་བྱེད་པར་དངོས་གནས་འགན་འཁུར་བ་ཞིག་ཡིན་པ་གསལ་པོར་ཤེས་དགོས། ཚུལ་མིན་སྤྱོད་ཚུལ་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་བ་དང་། རང་འགན་ཐེག་པ་ཁུར་ལེན་མི་བྱེད་པ་དེ་དོ་དམ་ནན་པོ་བྱེད་པར་ཁག་དཀྲི་བྱ་མི་རུང་བ། “སྒྲིག་སྲུང”ཁ་གཡར་ས་དང་འགེབས་སྲུང་དུ་བྱས་ནས་ལས་སྒྲུབ་ལས་གཏོད་རྒྱབ་སྐྱུར་བྱ་མི་རུང་བར། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་བྱེད་ཕོད་པ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་བྱེད་ཕོད་པ། ལས་སྒྲུབ་དང་ལས་གཏོད་བྱེད་ཕོད་པ་བཅས་བྱེད་དགོས།

    “སྣེ་ཁྲིད་ནུས་པ”འདོན་སྤེལ་ཡག་པོ་བྱེད་པར་སྤྱོད་ཚུལ་ལེགས་གཏོང་ལ་མིག་དཔེ་འདོན་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་གཙོ་འགན་འཁུར་མཁན་གྱིས་སྣེ་ཁྲིད་དེ་རྩ་དོན་ལ་སྣང་ཆེན་དང་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། དད་སེམས་དང་མི་གཤིས་ལ་མཐའ་འཁྱོངས་རྟེན་པ། རྩ་དོན་ལ་སྣང་ཆེན་བྱེད་པ་ལས་ངོ་སོར་མི་ལྟ་བ་དང་། ཏང་གཤིས་ལ་སྣང་ཆེན་བྱེད་པ་ལས་སྒེར་དོན་མི་གཉེར་བ། གཞུང་དྲང་ཚུལ་མཐུན། སྤྱོད་པ་ཚུལ་མཐུན་བཅས་བྱེད་དགོས། སྣེ་ཁྲིད་དེ་སྤྱོད་གཙང་རང་འདོམས་དང་། ཏང་གི་སྒྲིག་ཁྲིམས་ནན་སྲུང་། བཅའ་ཁྲིམས་ལ་གུས་སྐྲག་བཅས་བྱེད་དགོས། “སྣེ་ཁྲིད”ཀྱི་སྙིང་སྟོབས་གོང་བུར་སྒྲིལ་བ། “སྣེ་ཁྲིད་ནུས་པ”འདོན་པ་མ་ཟད། ད་དུང་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མཐུན་སྒྲིལ་ལ་སྲུང་སྐྱོང་། མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རིམ་ཁག་ཏང་ཨུད་ཚན་ཁག་གི་མཐུན་སྒྲིལ་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་གོང་འོག་དང་ཕྱོགས་ཁག་ཚང་མར་མཐུན་སྒྲིལ་སྐུལ་ཁྲིད་བྱས་ཏེ་བསམ་ཇུས་གཅིག་གིས་ལས་དོན་ལ་དམ་འཛིན་དང་། བློ་གཅིག་སེམས་གཅིག་གིས་བྱ་གཞག་སྒྲུབ་པ། ངར་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་བྱ་གཞག་རླབས་ཆེན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།