དབུ་ཤོག
  • ཏེང་ཆེ་གེ་མོ་སོགས་དང་འབྲེལ་གཏུག་བྱུང་མཁན་འཚོལ་གྱི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-04-15

    བརྒྱུད་འབྲེལ་བྱུང་མཁན་འཚོལ་རྒྱུའི་སྐོར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཉིང་ཁྲི་གྲོང་ཁྱེར་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་བརྡ་ཐོ།

    རྒྱ་ཆེའི་གྲོང་མི་རྣམ་པ།

    ཟླ་4ཚེས་13ཉིན། རང་གྲོང་ཁྱེར་གྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ལ་ཁྲུང་ཆིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་གཞོགས་འདེགས་ཞིབ་བཤེར་གྱི་ཡི་གེ(བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་བརྒྱུད་བསྐུར་བྱས་པ)ཞིག་འབྱོར། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་10ཉིན་ཧང་ཀྲོའུ་ནས་ལྷ་སར་འཕུར་བའི་3U3179དུས་གཏན་གནམ་གྲུའི་ཐོག་གི་འགྲུལ་པ་ཤེ་ཆེ་གེ་མོ་ཁྲུང་ཆིང་དུ་བབས་པ་དང་། ཟླ་4ཚེས་13ཉིན་ཁྲུང་ཆིང་ཏ་ཙུའུ་ཆུས་སུ་ཏོག་གསར་རིམས་ནད་འགོས་པ་གཏན་འཁེལ་བྱུང་ཡོད། ནད་པ་དེ་དང་འབྲེལ་གཏུག་དམ་ཟབ་བྱུང་མཁན་ཏེང་ཆེ་གེ་མོ་དང་། ལི་ཆེ་གེ་མོ། ཁྲེན་ཆེ་གེ་མོ་བཅས་ཟླ་4ཚེས་11ཉིན་ནས་13ཉིན་བར་རང་གྲོང་ཁྱེར་དུ་ཡོང་ཡོད་ཅིང་། ཁོ་ཚོ་བསྐྱོད་སར་རིམས་ནད་འགོ་ཁྱབ་ཀྱི་ཉེན་ཁ་ཅུང་ཆེན་པོ་ལྡན་ཡོད། མིག་སྔའི་བར། རང་གྲོང་ཁྱེར་གྱིས་ཞིབ་བཤེར་ཐུབ་པའི་བརྒྱུད་འབྲེལ་བྱུང་མཁན་ལ་དོ་དམ་དང་ཚོད་འཛིན་བྱས་ཡོད། ད་ལྟ་བརྒྱུད་འབྲེལ་བྱུང་མཁན་གཞན་དག་འཚོལ་བཞིན་ཡོད། ཏེང་ཆེ་གེ་མོ་དང་། ལི་ཆེ་གེ་མོ། ཁྲེན་ཆེ་གེ་མོ་བཅས་ཀྱི་འགྲུལ་བཞུད་གནས་ཚུལ་གཤམ་གསལ་ཏེ།

    གཅིག ཏེང་ཆེ་གེ་མོའི་འགྲུལ་བཞུད་གནས་ཚུལ། 

    ཟླ་4ཚེས་13ཉིན་གྱི་ཆུ་ཚོད་8དང་སྐར་མ་30ཙམ་ལ་ལྷ་ས་ནས་ཉིང་ཁྲིར་བསྐྱོད་པ་དང་། ཆུ་ཚོད་11དང་སྐར་མ་30ཙམ་ལ་སྤང་རྒྱན་ཐང་ཞབས་ཞུ་ཁུལ་དུ་འབྱོར། ཆུ་ཚོད་13དང་སྐར་མ་30ཙམ་ལ་བྲག་ཆུ་གྲོང་རྡལ་དུ་འབྱོར་ནས་པ་ཡུས་ཟ་ཁང་དུ་ལྟོ་ཆས་བཟས། ཆུ་ཚོད་14དང་སྐར་མ་20ཙམ་ལ་བྲག་ཆུ་གྲོང་རྡལ་ནས་ཐོན་པ་དང་། ཆུ་ཚོད་15དང་སྐར་མ་50ཙམ་ལ་གླང་མདོ་ལམ་མདོའི་མྱུར་བགྲོད་གཞུང་ལམ་ནས་བབས། ཆུ་ཚོད་16དང་སྐར་མ་20ཙམ་ལ་ཡར་ཀླུང་གཙང་པོའི་འབྲེལ་མཚམས་སུ་སླེབས། ཆུ་ཚོད་17ཙམ་ལ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་མཛེས་ལྗོངས་ཁུལ་དུ་བསྐྱོད། ཆུ་ཚོད་17དང་སྐར་མ་45ཙམ་ལ་ཁ་ལོ་བས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་སྤ་སེ་འཚོང་ས་ནས་སྤ་སེ་ཉོས་པ་དང་། མི་གཞན་དག་རླངས་འཁོར་ནས་འབབ་མེད། ཆུ་ཚོད་18ཙམ་ལ་ཁྲུང་ཆིང་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཁ་པར་འབྱོར་བ་དང་། དེ་རྗེས་གཅིག་སྡུད་ལོགས་དབྱེ་བྱས་ཡོད།

    གཉིས། ལི་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོའི་འགྲུལ་བཞུད་གནས་ཚུལ།

    ཟླ་4ཚེས་11ཉིན་གྱི་ཆུ་ཚོད་8པ་ཙམ་ལ་ལྷ་ས་ནས་ཉིང་ཁྲིར་བསྐྱོད། ཆུ་ཚོད་12དང་སྐར་མ་30ཙམ་ལ་ཀོང་པོ་རྒྱ་མདའ་རྫོང་སྤྱི་མདའ་ཞབས་ཞུ་ཁུལ་དུ་ལྟོ་ཆས་བཟས། ཆུ་ཚོད་16ཙམ་ལ་གསེར་སྐྱེམས་ལའི་ཀླུ་ནང་ནགས་ཚལ་ལྗོངས་གཟིགས་སྒང་དུ་འབྱོར། ཆུ་ཚོད་18དང་སྐར་མ་30ཙམ་ལ་ཙང་ཧའོ་བཟའ་བཅའ་ཚད་ཡོད་ཀུང་སིར་ལྟོ་ཆས་བཟས། ཆུ་ཚོད་20ཡས་མས་སུ་གྲོག་རོང་ཆེ་མོའི་གསོལ་མགྲོན་ཁང་དུ་འབྱོར་བ་དང་མི་ཁག་གཅིག་ཀོང་པོའི་སྤྱི་གླིང་དུ་འཆམ་འཆམ་དུ་བསྐྱོད།

    ཟླ་4ཚེས་12ཉིན་གྱི་ཆུ་ཚོད་8པ་ཙམ་ལ་བོན་རི་མཛེས་ལྗོངས་ཁུལ་དུ་འབྱོར། ཆུ་ཚོད་11ཙམ་ལ་སྨན་གླིང་གྲོག་རོང་ཆེ་མོའི་མཛེས་ལྗོངས་ཁུལ་དུ་འབྱོར། ཆུ་ཚོད་11དང་སྐར་མ་30ཙམ་ལ་གྲོག་རོང་ཆེ་མོའི་མཛེས་ལྗོངས་ཁུལ་གྱི་ཟ་ཁང་དུ་ལྟོ་ཆས་བཟས་པ་དང་། དེ་རྗེས་གཟིགས་འཁོར་ལ་བསྡད་དེ་གྲོག་རོང་ཆེ་མོའི་མཛེས་ལྗོངས་ཁུལ་བསྐོར་བར་ཕྱིན། ཆུ་ཚོད་16ཙམ་ལ་ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོར་བསྐྱོད། ཆུ་ཚོད་17ཙམ་ལ་ཁམ་བུའི་མེ་ཏོག་གྲོང་ཚོར་འབྱོར། ཆུ་ཚོད་19ཙམ་ལ་ཙང་ཧའོ་བཟའ་བཅའ་ཚད་ཡོད་ཀུང་སིར་ལྟོ་ཆས་བཟས། དེ་རྗེས་གྲོག་རོང་ཆེ་མོའི་གསོལ་མགྲོན་ཁང་དུ་བསྡད་པ་དང་མི་ཁག་གཅིག་ཀོང་པོའི་སྤྱི་གླིང་དུ་འཆམ་འཆམ་ལ་བསྐྱོད།

    ཟླ་4པའི་ཚེས་13ཉིན་གྱི་ཆུ་ཚོད་8པ་ཙམ་ལ་འབྲས་པ་དམངས་སྲོལ་གྲོང་ཚོར་བསྐྱོད། ཆུ་ཚོད་9པ་ཙམ་ལ་འབྲས་པ་དམངས་སྲོལ་གྲོང་ཚོའི་ཞིང་པའི་སྤྲོ་སྐྱིད་ཁང་དུ་འབྱོར་བ་དང་། དེའི་རིང་ཚོང་ཁང་ནས་ཅ་ལག་ཉོས། ཆུ་ཚོད་10དང་སྐར་མ་30ཙམ་ལ་བྲག་ཆུ་གྲོང་རྡལ་དུ་འབྱོར་ནས་ཁྲོན་ཝེ་ཤོན་གསོལ་མགྲོན་ཁང་དུ་ལྟོ་ཆས་བཟས། ཆུ་ཚོད་13དང་སྐར་མ་30ཙམ་ལ་སྤྱི་མདའ་ཞབས་ཞུ་ཁུལ་དུ་ངལ་གསོ་བརྒྱབ། སྤང་རྒྱན་ཐང་ཞབས་ཞུའི་ཁུལ་དུ་བསྡད་ཙམ་བྱས་ནས་ལྷ་སར་བསྐྱོད།

    གལ་སྲིད་གོང་གསལ་གྱི་དུས་ཚོད(མདུན་གྱི་ཆུ་ཚོད་ཕྱེད་ཀ་དང་། རྗེས་ཀྱི་ཆུ་ཚོད་གཅིག)དང་། གོང་གསལ་གྱི་ས་ཆ་དེ་དག་ནས་ཏེང་ཆེ་གེ་མོ་དང་། ལི་ཆེ་གེ་མོ། ཁྲེན་ཆེ་གེ་མོ་སོགས་དང་བར་ཐག་ཉེ་ས་ནས་འབྲེག་གཏུག་གམ་ཡང་ན་ས་ཆ་གཅིག་པར་འགྲོ་མྱོང་བ་ཡིན་ན། འཕྲལ་མར་རང་གནས་སའི་རྫོང(ཆུས)དང་། ལས་ཁུངས། ཤང(གྲོང་རྡལ)ཁྲོམ་གཞུང་། གྲོང་ཚོའམ(གྲོང་ལྷན་དང་སྡེ་ཁུལ)ཡང་ན་གྲོང་ཁྱེར། རྫོང(ཆུས)གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཉིང་སྐྱུར་བརྟག་དཔྱད་དང་ལོགས་དབྱེ་དོ་དམ་དང་ཚོད་འཛིན་སོགས་ཀྱི་ལས་དོན་ལ་རང་འགུལ་ངང་གཞོགས་འདེགས་བྱེད་དགོས་པ་དང་ཆབས་ཅིག དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་སྤེལ་བ། དཀྲོག་གཏམ་མི་བཟོ་བ་བཅས་བྱས་ཏེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ནན་པོ་སྲུང་དགོས། གལ་ཏེ་གཏན་འབེབས་ལྟར་སྙན་སེང་མ་ཞུས་པ་དང་། ལྷག་པར་དུ་གནས་ཚུལ་སྦ་གསང་བྱས་ཏེ་སྙན་སེང་མ་ཞུས་པ་དང་གནས་ཚུལ་རྫུན་མ་སྙན་སེང་ཞུས་པ་སོགས་ལས་མཇུག་འབྲས་ཚབས་ཆེན་ཐོན་ན། ཁྲིམས་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།

    གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་ལས་ཁང་། 0894-5829022

    གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས། 0894-5822064

    བྲག་ཡིབ་ཆུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་ལས་ཁང་། 0894-5867499

    སྨན་གླིང་རྫོང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་ལས་ཁང་། 0894-5459660

    ཀོང་པོ་རྒྱ་མདའ་རྫོང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་ལས་ཁང་། 0894-5738781

    རིམས་ནད་ལ་ཁ་གཏད་གཅོག་པའི་ཉིང་ཁྲི་གྲོང་ཁྱེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས།

    2022ལོའི་ཟླ་4ཚེས་13ཉིན།

    གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ན། ཁྱེད་རང་ཏེང་ཆེ་གེ་མོ་སོགས་དང་འབྲེལ་འདྲིས་བྱུང་ཡོད་མེད་ཤེས་ཐུབ།

    微信图片_20220415171956.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།