དབུ་ཤོག
  • ཐ་མག་དང་འབྲེལ་བའི་ཁྲིམས་འགལ་གྱོད་གཞི་30རྩད་ཆོད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-04-13

    微信图片_20220413111546.jpg

    ཐ་མག་ཁྲོམ་རའི་སྒྲིག་ལམ་ཡག་པོ་བསྲུངས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཆེད། ད་ལོ་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས“2022ལོའི་དཔྱིད་ཀྱི་འབྲུག་སྒྲ”ཞེས་པའི་ཐ་མག་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་རེད། ལེབ་བཤེར་བྱས་པ་བརྒྱུད། ཐ་མག་ཁྲོམ་རར་ཕྱོགས་ཡོངས་དང་ཡོངས་ཁྱབ་ཀྱི་འཕྲལ་སྡོམ་ཞིབ་བཤེར་བྱས་ཤིང་། མིག་སྔའི་བར་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་གྱོད་གཞི་ཁག་30རྩད་ཆོད་པ་དང་། གྱོད་འབྲེལ་ཐ་མག་རྡར་ཚན་125167ལ་ཞིབ་བཤེར་བྱས་ནས་ཉར་བར་རིམ་རྩིས་བྱས་ན་གྱོད་འབྲེལ་དངུལ་སྒོར་ཁྲི་195.8ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་སྤྱི་བདེ་དང་། སྦྲག་སྲིད། ཁྲོམ་ར་ལྟ་འདོམས་སོགས་འགན་ནུས་སྡེ་ཚན་དང་མཉམ་དུ་ཟོག་འགྲེམས་དང་། སྦྲག་བསྐུར། ཞིབ་བཤེར་ས་ཚིགས་སོགས་འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ཁྱབ་ཁོངས་སུ་ཆེད་དོན་ཞིབ་བཤེར་བྱས་པ་དང“དྲ་སྦྲེལ་དང་ཟོག་འགྲེམས་སྦྲག་བསྐུར་ཟུང་འབྲེལ”བྱས་ནས་ཐ་མག་དབོར་འདྲེན་གྱི་འབྱུང་རྩ་ནས་རྡུང་རྡེག་བཏང་སྟེ། ཁྲིམས་འགལ་ངང་དབོར་འདྲེན་བྱེད་པའི་ཐ་མག་ཁྲོམ་རར་མི་ཁྱབ་པ་བྱས་པ་རེད།

    གཞན་ཡང་། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ནན་ཏན་བསྒྲུབས་ནས། བཟོ་བཅོས་གསར་པ་བརྒྱབ་པའི《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སློབ་གྲྭ་འབྲིང་ཆུང་ཉེ་འཁོར་གྱི་ལག་ཁྱེར་ལྡན་པའི་ཚོང་དུད་2སྒོ་རྒྱག་ཏུ་བཅུག་པ་དང་། ཚོང་དུད་2ཀྱི་ཚོང་གཉེར་ཐོབ་ཐང་མེད་པར་བཟོས་པ་དང་འབྲེལ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ན་སོ་དར་ལ་མ་བབས་པའི་མིར་ཐ་མག་བཙོངས་པའི་གྱོད་གཞི་ཁག་3རྩད་ཆོད་པ་དང་། གྱོད་གཞི་དང་འབྲེལ་བའི་ཁྲིམས་འགལ་ཚོང་དུད་ལ་ཐ་ཚིག་སྒྲོག་པ་དང་འབྲེལ་དངུལ་ཆད་ཀྱང་བཅད་ནས། ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ཀྱང་རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོར་དྲན་སྐུལ་ཞུ་རྒྱུར། ཐ་མག་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། རྡོ་ཐ་ཁྲོམ་རའི་ལྟ་འདོམས་ཞབས་ཞུའི་ཐད་སྦྲེལ་ཁ་པར“12313”བརྒྱབ་ནས་ཐེར་འདོན་བྱེད་ཆོག ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་འཕྲལ་དུ་ཆེད་མི་བཀོད་སྒྲིག་བྱས་ནས་ཐག་གཅོད་བྱས་ཏེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།