དབུ་ཤོག>གསར་འགྱུར།
  • ཀོང་ཤིས་ལིའུ་ཀྲོའུ་རུ་མེ་ཏོག་མཆིན་ཁ་རབ་ཏུ་བཞད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-04-11

    1919790_yis_1649606400000_s.jpg

    འདི་ནི་མེ་ཏོག་མཆིན་ཁ་རབ་ཏུ་བཞད་པའི་ལིའུ་ཀྲོའུ་གྲོང་ཁུལ་གྱི་ལིའུ་ཅང་གཙང་པོའི་ངོགས་ཀྱི་མཛེས་ལྗོངས་ཡིན་པ།

    ཉེ་བའི་ལོ་ཤས་རིང་། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་རྫོང(ཆུས)རིམ་གཉིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གནམ་སྔོ་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་རྒྱུར་སྤྱི་འདོམས་བྱས་ཡོད། ན་ནིང་ལིའུ་ཀྲོའུ་ཡི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཁྱོན་94%ཟིན་པ་དང་། ས་ངོས་ཆུའི་སྤུས་ཚད་རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་མདུན་གྲལ་དུ་སླེབས་པ། ནགས་ཚལ་ཁྱབ་ཚད་67%རྒྱུན་འཁྱོངས་ཐུབ་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།