དབུ་ཤོག>གསར་འགྱུར།
  • དུས་བདེར་གཞོགས་འདེགས་བྱས་ནས་བདེ་སྐྱིད་སྟོན་གྲངས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-03

    ཉེ་བའི་ལོ་ཤས་རིང་། བཞད་མཐོང་སྨོན་རྫོང་གིས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་སོགས་ཀྱི་ཐད་དམ་པོར་དམིགས་ནས་སྤྱི་ཚོགས་བཅོས་སྐྱོང་གི་འདུ་ཤེས་གསར་གཏོད་བྱེད་པ་དང་། མང་ཚོགས་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ཁྱབ་ཁོངས་དང་ཐབས་ལམ་རྒྱ་ཆེར་ཧུར་ཐག་གཏོང་བ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གཏོད་པ་བཅས་བྱས་ནས་དམངས་འཚོའི་སྤུས་ཚད་མཐོ་རུ་གཏོང་བ་དང་། དུས་བདེ་སྲུང་སྐྱོང་བྱེད་པ། བདེ་སྐྱིད་སྟོན་གྲངས་ཆེ་རུ་གཏོང་བ་བཅས་བྱས་ཡོད།

    སྤྱི་ཚོགས་བཅོས་སྐྱོང་ནང་མི་ཚང་མ་ཞུགས་ཏེ་མཉམ་སྐྲུན་མཉམ་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུས་པ།

    དར་དམར་བསླུ་འགོག་བདེ་འཇགས་སྲུང་མཁན་གྱིས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་བསྲུངས་བ་དང་། དར་དམར་སྐོར་སྐྱོད་གཞོགས་འདེགས་པས་ཁོངས་གཏོགས་ཁུལ་གྱི་ཕྱོགས་མིར་ཞབས་འདེགས་ཞུས་པ། དར་དམར་སློབ་གྲྭའི་སྒྲིག་ལམ་སྐྱོང་མཁན་གྱིས་ཞི་མཐུན་སློབ་རར་གཡས་གཞོགས་གཡོན་འདེགས་བྱས་པ་སོགས་བཞད་མཐོང་སྨོན་རྫོང་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་དང་བླངས་ཞབས་ཞུ་མང་ཚོགས་དང་དེ་བས་འབྲེལ་འདྲིས་ཡོང་བ་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྒུལ་ནུས་གསར་པ་བསྣན་ཡོད།

    “ཨ་ཅག་རླངས་འཁོར་ཕྱི་ལ་འཇོག་རོགས”“ཁྱིམ་བདག་ལགས། གློག་སྒུལ་སྦག་སྦག་ཡག་པོ་བཞག་ནས་མི་གཞན་གྱི་ལམ་མ་བཀག”“སློབ་ཕྲུག་ཚོ། བང་ཡག་པོ་བསྒྲིགས”ཞེས་པ་སོགས་དགུན་དུས་ཀྱི་ཕྱི་དྲོ་ཞིག་ལ། རྟ་ནག་མདའ་ཤང་རི་ཁུད་གྲོང་ཚོའི་སྐད་གཉིས་བུ་བཅོལ་ཁང་གུང་གསེང་འཇོག་པའི་སྐབས་དང་འཁེལ་བས། ཕྲུ་གུ་བསུ་བར་ཡོང་མཁན་ཁྱིམ་བདག་མང་ལ་ཁྲོམ་གཞུང་དུ་འཁོར་རིགས་འགྲུལ་བཞུད་མང་པོ་ཡོད་རྐྱེན་སློབ་གྲྭའི་སྒྲིག་ལམ་སྐྱོང་མཁན་3དང་སློབ་གྲྭའི་དགེ་རྒན་དང་ལས་བཟོ་ཚོས་ལམ་མདོར་བསྡད་ནས་ཕྲུ་གུ་སློབ་གྲྭའི་རྒྱལ་སྒོའི་འགྲམ་དུ་བསྐྱལ་བ་དང་ཆབས་ཅིག རྒྱལ་སྒོའི་འགྲམ་གྱི་འཁོར་རིགས་ལ་ལམ་སྟོན་བྱས་ནས་དེ་གའི་སྒྲིམ་ལམ་གོ་རིམ་ལྡན་པ་ཞིག་ཡོང་བ་བྱས་ཡོད།

    “ཕ་མ་སུ་འདྲ་ཞིག་ཡིན་རུང་ཕྲུ་གུ་སྐྱོན་ཆག་མི་ཡོང་བ་བྱེད་དགོས་སྙམ་མཁན་ཤ་སྟག་རེད། ངའི་ཁྱིམ་སློབ་གྲྭའི་ཉེ་འགྲམ་དུ་ཡོད་པས་ཉིན་ལྟར་སྒྲིག་ལམ་སྲུང་རོགས་ལ་ཡོང་ན་སྟབས་བདེ་པོ་རེད”སློབ་གྲྭའི་སྒྲིག་ལམ་སྲུང་མཁན་སྐལ་བཟང་ལྷུན་གྲུབ་ཀྱིས་དེ་ལྟར་བརྗོད།

    ད་བར་བཞད་མཐོང་སྨོན་རྫོང་གིས་དུས་བདེའི་དང་བླངས་ཞབས་ཞུའི་ས་ཚིགས་115བཙུགས་པ་དང་། ཆབ་ཁ་གྲོང་རྡལ་ཆུ་མིག་གི་དུས་བདེའི་དང་བླངས་ཞབས་ཞུའི་རུ་ཁག་དང་ཆུ་ཚན་གྱི་འོས་འགན་མེ་གསོད་རུ་ཁག་བཙུགས་པར་དུས་བདེའི་དང་བླངས་པ་1980ཡོད་པ་དང་། རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཏུ་ཚད་ལྡན་གྱི་ཕྱོགས་བསྡུས་བཅོས་སྐྱོང་མཉམ་འགོག་རུ་ཁག་19བཙུགས་པར་རུ་མི་899ཡོད་ཅིང་། ཁོང་ཚོས་སྔ་རྗེས་སུ་རང་འགུལ་ངང་བརྟན་ལྷིང་སྲུང་སྐྱོང་གི་ལས་སྒྲུབ་དང་། ཉེན་སེལ་རྒུད་སྐྱོབ། དང་བླངས་ཞབས་ཞུ་བཅས་ཀྱི་བྱེད་སྒོ་སྣ་ཚོགས་ཐེངས་253ལ་ཞུགས་ཡོད།

    “རིག་ནུས་བདེ་འཇགས་འགོག་སྲུང”ལ་བརྟེན་ནས་ཡུན་རིང་བདེ་འཁོད་ཡོང་བར་བྱས་པ།

    ལས་བྱེད་པ་དང་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། བཞད་མཐོང་སྨོན་རྫོང་གིས“ཀུན་གསལ་འདུ་འགོད”ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་931བཀོད་སྒྲིག་བྱས་ནས་བརྙན་ལམ་འཕྲུལ་མིག་དང“ཀུན་གསལ་འདུ་འགོད”མཉམ་འདྲེས་ནུས་ལྡན་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། གྲངས་གཞི་ཆེ་མོ་དང་སྤྲིན་རྩིས་རིག་ནུས་ཅན་གྱི་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་གྲངས་གཞིའི་ཐོན་ཁུངས་ཕན་འབྲས་ཆེ་བའི་སྒོ་ནས་གཅིག་སྡུད་བཅས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་ཞིབ་ཚགས་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།

    “རྒན་རྒོན་དང་ཕྲུ་གུ་གཅིག་པུ་ཁྱིམ་དུ་ལུས་ཀྱང‘ཁྱིམ་ཚང་བརྩེ་སེམས་ཟབ་པའི’APPསྤྱད་ཚེ་ཐག་རིང་པོ་ནས་ཀྱང་ཁོང་ཚོའི་གནས་ཚུལ་ལྟ་ཐུབ་ཀྱི་ཡོད”ཅེས་2021ལོའི་ཟླ་1ཚེས17ཉིན་གྱི་སྔ་དྲོ་རྟ་ནག་མདའ་ཤང་རི་ཁུད་གྲོང་ཚོའི་གྲོང་མི་བདེ་སྐྱིད་ཆོས་སྒྲོན་གྱིས་ལག་ཐོགས་ཁ་པར་བྱང་ཆ་དོད་པོས་སྤྱོད་བཞིན་དུ་དགའ་ཚོར་ཆེན་པོས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས།

    “ཁྱིམ་ཚང་ཚང་མར་འཕྲུལ་མིག་ཡོད་སྟབས་སྒོ་ལྕགས་མ་བརྒྱབ་ཀྱང་རྐུན་མ་ཤོར་བ་སོགས་ཀྱི་གནས་ཚུལ་ཐོན་མྱོང་མེད་པས། ལྷོད་ཤིག་ཤིག་འདུག”ཅེས་གྲོང་མི་བཀྲ་ཤིས་ཀྱིས་མུ་མཐུད་བརྗོད།

    “ཁྱིམ་དུ་འཕྲུལ་མིག་བསྒར་ན་དངོས་གནས་ཡག་པོ་འདུག གནས་ཚུལ་ཐོན་ཚེ་འཕྲུལ་མིག་ནས་ཡང་སྙིང་གནས་ཚུལ་གང་འདྲ་ཡིན་མིན་ལམ་སེང་ལྟ་ཆོག”རྟ་ནག་མདའ་ཤང་ཏང་ཨུད་ཀྱི་སྲིད་ཁྲིམས་ཨུ་ཡོན་མངགས་གཏོང་ཁང་གི་སུའོ་ཀྲང་ཁྱུང་པས་ངོ་སྤྲོད་བྱས་པ་ལྟར་ན། “རིག་ནུས་བདེ་འཇགས་འགོག་སྲུང་གྲོང་ཚོ”བཙུགས་པ་ནས་བཟུང་ཁོངས་གཏོགས་ཁུལ་དུ་གྱོད་གཞི་ཐོན་ཚད་ཉུང་དུ་ཤུགས་ཆེན་ཕྱིན་ཏེ“གྱོད་གཞི་ཐོན་ཉུང་བ་དང་། སྒྲིག་ལམ་ལེགས་པ། བདེ་འཇགས་བརྟན་པོ། མང་ཚོགས་བློ་ཡིད་ཚིམ་པ”བཅས་ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་ཏན་ཏིག་བྱུང་ཡོད་པ་རེད།

    འདུམ་འགྲིག་མཁས་པས་འགལ་ཟླ་དང་རྩོད་གཞི་སེལ་བར་རམ་འདེགས་བྱས་པ།

    བཞད་མཐོང་སྨོན་རྫོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི“གཅིག་འཐུས་རྣམ་པའི”རིམ་གསུམ་འགལ་ཟླ་འདུམ་འགྲིག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ“སྒོ་མོ་ཕྱེ་ནས་མང་ཚོགས་བསུ་བ”དང“དུད་ཚང་དུ་བསྐྱོད་དེ་འགལ་ཟླ་སེལ་བ”སོགས་ཀྱི་བྱེད་ཐབས་བརྒྱུད་ལས་བྱེད་པས་བྱ་སྤྱོད་སྤེལ་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། རང་འགུལ་ངང་མང་ཚོགས་དང་འབྲེལ་གཏུག་བྱེད་པ། མང་ཚོགས་ཀྱི་རེ་ཞུའི་ཐབས་ལམ་ཤར་བགྲོད་ཡོང་བ་བཅས་བྱས་ཏེ་འགལ་ཟླ་གོང་ལ་སྙན་སེང་ཞུ་མི་དགོས་པ་དང་། རྩོད་གཞི་ཇེ་སྡུག་ཏུ་མི་འགྲོ་བ། ཞབས་ཞུ་མཚམས་མི་འཇོག་པ། འདུམ་འགྲིག་ཐུབ་ནས་གཞན་སར་ཞུ་བར་འགྲོ་མི་དགོས་པ་བཅས་ཐུབ་པར་བྱས་ཡོད།

    2015ལོའི་ཟླ་7པར་རི་ཁུད་གྲོང་ཚོས་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། འཐབ་འཛིང་པ་རྒན་གྲས། དགེ་རྒན་རྒན་གྲས། ཀྲི་པུའི་ཧྲུའུ་ཅི་རྒན་གྲས་སོགས་ཀྱི་ཚོགས་སྤྱིའི་སྟོབས་ཤུགས་སྐོང་འཐེན་བྱས་ནས་རང་མོས་ངང་མིང་ཐོ་འགོད་པ་དང་། མང་ཚོགས་ཀྱིས་འོས་སྦྱོར་བྱེད་པ། ཀྲི་པུའུ་ཡིས་རྟོག་ཞིབ་བྱེད་པ། ལས་སྒོ་གསོ་སྦྱོང་བྱེད་པ། ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་བསྐྱོད་པ་སོགས་ཀྱི་གོ་རིམ་བརྒྱུད་འདུམ་འགྲིག་པ་8བདམས་ཏེ་རྩེར་སོན་འདུམ་འགྲིག་ཁང་བཙུགས་པ་རེད། “རྒན་གྲས་ལྔའི”མི་སྣའི་སྙན་གྲགས་མཐོ་བ་དང་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་བཅས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་དུས་ཐོག་ཏུ་ཐོན་བཟོ་ཡོད་པའི་འགལ་བ་ཤེས་རྟོགས་བྱས་ནས་མང་ཚོགས་ལ་བསམ་བློའི་སློབ་གསོ་ཧུར་ཐག་བཏང་ཡོད། ད་བར་རྩེར་སོན་འདུམ་འགྲིག་ཁང་གིས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཁྱོན་16བསལ་བས་འདུམ་འགྲིག་ཐུབ་ཚད་100%ཟིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བཞད་མཐོང་སྨོན་རྫོང་གིས་རིམ་གསུམ་འགལ་ཟླ་འདུམ་འགྲིག་མ་ལག་འཁོར་རྒྱུག་བྱས་པ་ནས་བཟུང་སྔ་རྗེས་སུ་རྩོད་གཞི་སྣ་ཚོགས་421འདུམ་འགྲིག་བྱས་པ་དེ་དག་མང་ཚོགས་1678དང་མ་དངུལ་སྒོར་ཁྲི་980ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད། བཞད་མཐོང་སྨོན་རྫོང་ལ“རང་སྐྱོང་ལྗོངས་རིམ་པའི་དུས་བདེའི་རྫོང”དང“‘སྔོན་ཐོན་གཉིས་ལྡན་དུད་སྦྲེལ’གཏོད་འདེམས་ཀྱི་ལས་དོན་གྱི་སྔོན་ཐོན་རྫོང”གི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་མ་ཟད། “གཞིས་རྩེ་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”ལ་ཐེངས་མང་བདམས་ཡོད། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ལས་འགན་ལྕི་ལ་ལམ་ཐག་རིང་བས། འབད་འབུངས་མདུན་སྐྱོད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།