ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་སྒར་རྫོང་གིས་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པའི་བླང་བྱ་གཞིར་བཟུང་། “གྲོང་ཁྱེར་དུ་སྔོ་ལྗང་ལྡན་པ་དང་། ཤང་དུ་ཡུལ་ལྗོངས་ལྟ་ན་སྡུག་པ། གྲོང་ཚོར་ནགས་ཤིང་ཡོད་པ། ཚོགས་ཆུང་དུ་ལྕང་གསེབ་ཡོད་པ། དུད་ཚང་དུ་སྐྱེ་ཤིང་ཡོད་པ”བཅས་ཀྱི་སྔོ་འགྱུར་དམིགས་ཚད་གཏན་འཁེལ་བྱས་ནས། སྐྱེ་ཁམས་གྲོང་ཚོ་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་ས་ཆར་ཕྱོགས་ཡོངས་ནས་སྔོ་འགྱུར་བྱེད་པའི་བྱ་སྤྱོད་ཤུགས་ཆེན་སྤེལ་བས། མངའ་རིས་ས་ཁུལ་གྱི“གྲོང་ཚོ་དང་། ཚན་པ། དུད་ཚང་བཅས་ཚང་མར་སྐྱེ་ཤིང་ཡོད་པའི”རྫོང་དང་པོ་དེར་གྱུར་ཡོད། འདི་ནི་ལྗོན་ཤིང་སྟར་ཆགས་ཀྱི་སྒར་རྫོང་དགུན་ས་ཤང་སྒར་གྲོང་གསར་གྱི་གྲོང་ཚོའི་རྣམ་པ་ཡིན་པ།