རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོག་མཆན་གནང་བ་བརྒྱུད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་དང་པོའི་སྐོར་གཟིགས་ལས་དོན་ནང་གཞིས་རྩེ་གྲོང་ཁྱེར་དང་། དེའི་ཁོངས་གཏོགས་ཀྱི་བསམ་གྲུབ་རྩེ་ཆུས་དང་། རྒྱལ་རྩེ་རྫོང་། པ་སྣམ་རྫོང་། གྲོ་མོ་རྫོང་། གཉའ་ནང་རྫོང་། ལྷ་རྩེ་རྫོང་། ངམ་རིང་རྫོང་། དིང་རི་རྫོང་། རྣམ་གླིང་རྫོང་། ས་སྐྱ་རྫོང་། བཞད་མཐོང་སྨོན་རྫོང་། གཏིང་སྐྱེས་རྫོང་། རིན་སྤུངས་རྫོང་། ས་དགའ་རྫོང་། ཁང་དམར་རྫོང་། སྐྱིད་གྲོང་རྫོང་། འབྲོང་པ་རྫོང་། གམ་པ་རྫོང་བཅས་དང་། དེ་བཞིན་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དང་། ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་། ལྗོངས་ཚོང་དོན་ཐིང་། ལྗོངས་ནགས་རྩྭ་ཅུས། ལྗོངས་ཞིང་ལས་ཚན་རིག་ཁང་། བོད་ལྗོངས་དངུལ་ཁང་། བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན། ས་སྐྱ་དགོན་དོ་དམ་ཨུ་ལྷན་བཅས་ས་ཁུལ་དང་ཚན་པ་27གྱི་ཏང་རྩ་འཛུགས་ལ་འཆར་ཅན་གྱི་སྐོར་གཟིགས་བྱ་རྒྱུ་ཡིན་པ་རེད།