དབུ་ཤོག
  • 2022ལོའི་ཟླ་4ཚེས་1ཉིན་ནས་བཟུང་བྱ་ཐབས་གསར་པ་ལག་ལེན་བསྟར་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-03-31

    འབྱུང་རྩ་ནས་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་ཉོ་འཚོང་བྱེད་པའི་བྱེད་སྤྱོད་ཉུང་དུ་གཏོང་ཐུབ་ཆེད། སྤྱི་བདེ་པུས་གསར་དུ་བཟོས་པའི《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་སྐར་མ་འཐེན་པའི་དོ་དམ་བྱ་ཐབས》ནང་སྐར་མ་ཉོ་འཚོང་དང་། དེ་བཞིན་མི་གཞན་སྒྲིག་འཛུགས་བྱས་ནས་སྐར་མ་ཉོ་འཚོང་བྱས་ཏེ་དཔལ་འབྱོར་གྱི་ཁེ་ཕན་རག་ཐབས་བྱེད་པའི་བྱེད་སྤྱོད་ལ་དེ་མཚུངས་ཀྱི་འགན་འཁྲི་བཟོས་ཡོད་ཅིང་། བྱ་ཐབས་དེ་2022ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད་འདུག

    འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ཚབ་བྱས་ནས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆད་པ་གཟེད་པ་དང་སྐར་མ་འཐེན་རོགས་བྱས་ནས་དཔལ་འབྱོར་གྱི་ཁེ་ཕན་རག་ཐབས་བྱས་རིགས་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཚབ་བྱེད་མཁན་དེར་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གསུམ་མན་གྱི་ཆད་པ་གཅོད་རྒྱུ་དང་ཆད་པ་མཐོ་ཤོས་སྒོར་ཁྲི་5གཅོད་རྒྱུ། ད་དུང་ཐེངས་གཅིག་ལ་སྐར་མ་12འཐེན་རྒྱུ་དང་ཆབས་ཅིག དེ་སྔའི་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་ཁྲིམས་ལྟར་མེད་པ་བཟོ་རྒྱུ།

    འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་མི་གཞན་ལ་རང་ཉིད་ཀྱི་ཚབ་བྱེད་དུ་བཅུག་ནས། འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆད་པ་གཟེད་པ་དང་སྐར་མ་འཐེན་རོགས་བྱས་ཏེ་དཔལ་འབྱོར་གྱི་ཁེ་ཕན་སྤྲོད་རིགས་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁེ་ཕན་སྤྲོད་མཁན་དེར་དཔལ་འབྱོར་ཁེ་ཕན་གྱི་ལྡབ་གསུམ་མན་གྱི་ཆད་པ་གཅོད་རྒྱུ་དང་ཆད་པ་མཐོ་ཤོས་སྒོར་ཁྲི་5གཅོད་རྒྱུ། དེ་དང་ཆབས་ཅིག དེ་སྔའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

    མི་གཞན་སྒྲིག་འཛུགས་ཀྱིས་སྐར་མ་ཉོ་འཚོང་བྱས་ནས་དཔལ་འབྱོར་གྱི་ཁེ་ཕན་རག་ཐབས་བྱས་རིགས་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁེ་ཕན་རག་ཐབས་བྱེད་མཁན་ལ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་ལྔ་མན་གྱི་ཆད་པ་གཅོད་རྒྱུ་དང་ཆད་པ་མཐོ་ཤོས་སྒོར་ཁྲི་10གཅོད་རྒྱུ། ལས་ཁུངས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བ་སོགས་ཀྱི་བྱེད་སྤྱོད་སྤེལ་ནས་བདེ་འཇགས་དོ་དམ་ལས་འགལ་བའི་བྱེད་སྤྱོད་སྤེལ་རིགས་ལ་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ།

    སྐར་མ་འཐེན་པའི་ཉེ་བའི་ལོ་གསུམ་ནང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་སྐར་མ་ཉོ་འཚོང་བྱས་པར་ཆད་པ་ཕོག་རིགས་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁ་ལོ་བ་དེའི་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་དང་ལེན་གྱིས་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་བསུབ་པའི་རེ་ཞུ་བདག་སྤྲོད་བྱེད་རྒྱུ་མིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།