དབུ་ཤོག>གསར་འགྱུར།
  • འཕེལ་རྒྱས་ལ་ལྷོད་གཡེང་མི་གཏོང་བར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-25

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཆབ་མདོའི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩར་མཐའ་འཁྱོངས་བརྩི་བ་དང་འཕེལ་རྒྱས་ཀྱི་འགག་གནད་དང་པོར་གཡོ་འགུལ་མི་གཏོང་བ་དང་ལྷོད་གཡེང་མི་གཏོང་བར་དམ་འཛིན་ནན་པོ་བྱས་ཏེ། གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་བ། དམངས་གཉེར་དཔལ་འབྱོར་དང་ཕྲན་ཚེགས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་ཀྱི་ཁོར་ཡུག་དང་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས། “བརྟན་པོ་དྲུག”གི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། དཔལ་འབྱོར་དང་སྤུས་ཚད་གསར་སྒྱུར། ལས་ཕྱོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་རྒྱུན་སྲིང་སྐྱོན་བྲལ་ངང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    aff15e69-9390-4b08-bca4-4afa33dd205f.jpg.jpg

    འདི་ནི་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཟུར་ཞིག་ཡིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།