ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་འགན་ལེན་བྱས་པ།
ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ལྟེ་གནས་གཅིག་དང་། འགག་སྒོ་གཉིས། ལྟ་སྲུང་ས་ཚིཌ་10 རམ་འདེཌ་ས་ཚིཌ་མང་པོ་བཅས(1+2+10+Nརྣམ་པའི)”འཁོར་འབྲེལ་ཧྲིལ་པོ་དང་། ཁྱོན་ཡོངས་ལ་ཁྱབ་པ། སྟོང་ཆ་མ་ལུས་པ་བཅས་ཀྱི་བརྟག་བཤེར་དང་བརྟག་དཔྱད་ཚད་ལེན་མ་ལག་གི་དྲ་རྒྱ་བཙུཌ་ཏེ། བཟའ་བཅའི་བདེ་འཇཌ་ཞབས་ཞུའི་ལས་དོན་ཧུར་ཐག་བསྒྲུབས་ནས་མི་དམངས་མང་ཚོཌ་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ཡོད་པ་རེད། མིག་སྔར། ལྷ་ས་གྲོང་ཁྱེར་བཟའ་བཅའ་བརྟག་དཔྱད་ཚད་ལེན་ལྟེ་གནས་ལྟེ་བར་བྱེད་པ་དང་། རིམ་པ་དང་པོའི་ཞིང་ཟོག་ཁྲོམ་རའི་ལྟ་ཞིབ་ཚད་ལེན་ཁང་ཆེ་གྲས་ཡིན་པའི་གདོང་དཀར་དང་ཧེང་ཐུང་གཉིས་པོ་འགག་སྒོར་བརྩི་བ། དོག་སྡེ་ལམ་དང་བཅིངས་འགྲོལ་ནུབ་ལམ་གྱི་བཟའ་བཅའ་མྱུར་བཤེར་ས་ཚིཌ་ལྟ་སྲུང་ས་ཚིགས་སུ་བྱེད་པ་བཅས་ཀྱི་བརྟག་བཤེར་དང་ལྟ་ཞིབ་ཚད་ལེན་གྱི་དྲ་མིག་བསྐྲུན་ཡོད་ཅིང་། འདི་ནི་ལྷ་ས་གྲོང་ཁྱེར་བཟའ་བཅའ་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལས་དོན་པས་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྤེལ་བཞིན་པ།