དབུ་ཤོག>གསར་འགྱུར།
  • རི་ཆུ་མཉམ་དུ་སྦྲེལ། མཐུན་སྦྱོར་འཕེལ་རྒྱས་གཏོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2022-03-25

    ཟླ་3ཚེས་23ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་རོགས་གཉེར་བྱས་པའི“ས་གཙང་མཚོ་སྔོན·རང་བྱུང་ཞིང་འབྲོག”ཅེས་པའི་འབྱུང་འཕྲོད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ངོ་སྤྲོད་ཚོགས་འདུ་ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་བྱེད་སྒོས་སྒོ་དབྱེ་མཉམ་ལས་དང་། ཐོན་ལས་སྐུལ་ཁྲིད། མ་འཇོག་ཚོང་དོན་སོགས་ཀྱི་བྱ་ཐབས་བརྒྱུད། རང་ལྗོངས་ཀྱི་མང་ཚོགས་ལ་མཚོ་སྔོན་གྱི་དམིགས་བསལ་ཆེ་ཞིང་ཡིད་དབང་འཕྲོག་པའི་ས་མཐོའི་དེང་རབས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ཐོན་རྫས་གསར་པ་དང་གྲུབ་འབྲས་གསར་པ་འགྲེམས་སྟོན་བྱས་ཏེ། མཚོ་སྔོན་དང་བོད་ལྗོངས་ས་གནས་གཉིས་ཀྱི་ནས་དང་འབྲི་གཡག་སོགས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཚོང་དོན་དང་སྤེལ་རེས་ལ་སྔར་བས་སྐུལ་འདེད་བཏང་སྟེ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སྤུས་རྟགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད་པ་རེད།

    02d6edbd-b966-4cc1-8b4e-67327ce88bd6.jpg.jpg

    འདི་ནི་ངོ་སྤྲོད་ཚོགས་འདུ་འཚོག་ཡུལ་དུ་ལས་མིས་གྲོང་མིར་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།