དབུ་ཤོག>གསར་འགྱུར།
  • ཏང་ཡོན་རྒན་གྲས་བློ་གསལ་གྱི“དམིགས་བསལ”སྙན་ཞུ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-03-23

    བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དུ་བློ་གསལ་ཟེར་བའི་ཏང་ཡོན་རྒན་གྲས་ཤིག་ཡོད། ཁོང་ནི“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་དྲན་གསོའི་རྟགས་མ་ཐོབ་མཁན་ཞིག་ཀྱང་རེད། འདི་ལོ་ལོ་74ལ་སླེབས་པའི་ཁོང་1947ལོར་དེ་སྔའི་ནག་ཆུ་རྫོང་དུ་སྐྱེས་ཤིང་། 1968ལོར་ཨ་མདོ་རྫོང་དུ་ལས་ཀར་ཞུགས་པ་དང་ལོ་དེར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། དེ་རྗེས་ཀྱི་ལོ་30ལྷག་ཙམ་རིང་ཁོང་གིས་རང་འགན་གཙང་སྒྲུབ་དང་ལས་དོན་ཏན་ཏིག་བསྒྲུབས་ནས་བརྟན་སྲུང་དང་འབད་འཐབ་བྱེད་རིང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཡོད།

    1971ལོར་སྟེས་དབང་གི་གོ་སྐབས་ཤིག་ལས་བློ་གསལ་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གླིང་ལས་བྱེད་པའི་འཛིན་གྲྭར་སློབ་སྦྱོང་བྱེད་པའི་བསྐལ་བ་བྱུང་བ་དང་། དེ་ནས་ཕྱིར་ལོག་རྗེས་ཨ་མདོ་རྫོང་རྩ་འཛུགས་པུའུ་རུ་ལས་ཀ་བྱས། 1973ལོའི་ཟླ་8པ་ནས་1979ལོའི་བར་ཨ་མདོ་རྫོང་ཏུང་ཆའོ་ཆུས་ཀྱི་ཆུས་ཀྲང་གཞོན་པའི་འགན་ཁུར་ནས་ལས་ཀ་གཙོ་སྐྱོང་བྱས་པ་དང་། དེ་རྗེས་ཨ་མདོ་རྫོང་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་དང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་ནས་1999ལོའི་ཟླ་12པར་རྒན་ཡོལ་ཞུས། བློ་གསལ་གྱིས་གཞི་རིམ་དུ་ལོ་30ལྷག་ཙམ་རིང་ལས་དོན་བསྒྲུབས་ཡོད་པ་རེད།

    མང་ཚོགས་ཤིག་ནས་ཏང་ཡོན་ཞིག་ཏུ་འཚར་ལོངས་བྱུང་བ་དང་ཕྱུགས་རྫི་ཞིག་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཆགས་པའི་བར། “བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ”ནི་ཁོང་གི་དུས་ནམ་ཡང་དོར་མི་སྲིད་པའི་གདམ་ངག་ཅིག་རེད། “མ་གཞི་ང་རང་ས་སྐྱེས་རྡོ་སྐྱེས་ཀྱི་ཨ་མདོ་བ་ཞིག་མིན་ཡང་ལོ་12ནས་བཟུང་ཨ་མདོ་རུ་གཞི་ཚུགས་པ་དང་ཆབས་ཅིག་ཨ་མདོ་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱི་གསོ་སྐྱོང་དང་སློབ་གསོའི་འོག་འཚར་ལོངས་བྱུང་བ་ཞིག་ཡིན་པས་ཨ་མདོ་ནི་ངའི་ཕ་ཡུལ་ཡིན། དེར་བརྟེན་ངས་ལོ་མང་རིང་བསགས་པའི་སྒོར་ཁྲི་40ཨ་མདོར་ཞལ་འདེབས་རྒྱག་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་2014ལོའི་ཟླ་7ཚེས་1ཉིན་བགྲེས་སོང་བློ་གསལ་གྱིས“དམིགས་བསལ”སྙན་ཞུའི་ནང་དེ་ལྟར་བྲིས་ཡོད་ལ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་བློ་དཀར་སེམས་དཀར་གྱི་བླ་ན་མེད་པའི་གཤིས་རྒྱུད་མཚོན་པར་བྱས་ཡོད། བགྲེས་སོང་ཁོང་གི་ཁྱིམ་དུ་ང་ཚོར“དམིགས་བསལ”སྙན་ཞུ་དེར་ལྟ་བའི་གོ་སྐབས་རག་བྱུང་།

    “ཏང་དང་རྒྱལ་ཁབ་ཀྱིས་ང་རང་གསོ་སྐྱོང་བྱས་པས་ད་ལྟ་རྒན་ཡོལ་ཞུས་ཟིན་ཡང་ངས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་འདོན་ངེས་ཡིན”ཞེས་པ་དེ་ནི་བློ་གསལ་གྱིས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་རེད།

    ད་ཆ་བགྲེས་སོང་ཁོང་གིས་ཞལ་འདེབས་བརྒྱབ་པའི་སྒོར་ཁྲི་40དེ་ཨ་མདོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཐད་སྤྱད་ནས་ཨ་མདོ་རྫོང་སློབ་ཆུང་གཉིས་པའི་བཙོག་ཆུ་གཙང་གསིང་གི་ཁྲོན་པ་48དང་སྨི་རྒྱ་དཔངས་གྲུ་བཞི་36ཟིན་པའི་རྫབ་དོང་དྲུས་པ་མ་ཟད། སློབ་གྲྭར་གློག་སྒྲོན་བསྒར་ནས་སློབ་གྲྭའི་དཀའ་ངལ་དངོས་སེལ་རོཌ་བྱས་ཡོད་པ་རེད།

    བློ་གསལ་གྱིས་2008ལོའི་དབུན་ཁྲོན་ས་ཡོམ་སྐབས་ནས་བཟུང་སྤྱི་ཚོགས་ལ་ཞལ་འདེབས་རྒྱག་འགོ་ཚུགས་ཏེ་སི་ཁྲོན་ལུའུ་ཧྲན་གྱི་ས་ཡོམ་དང་། མཚོ་སྔོན་ཡུལ་ཤུལ་གྱི་ས་ཡོམ། 2019ལོ་ནས་བཟུང་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཅས་ལ་ཞལ་འདེབས་བརྒྱབ་ཡོད་པ་རེད། 2021ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་སྐབས་ཏང་ཡོན་རྒན་གྲས་བློ་གསལ་གྱིས་ཀྱང་ཁོང་ལ་དབང་བའི་གཟི་བརྗིད་དྲན་གསོའི་རྟགས་མ་བཏགས། ལོ་ངོ་ལྔ་བཅུའི་རིང་ཐོག་མའི་བསམ་འདུན་མ་བརྗེད་པར་དད་སེམས་བརྟན་པོར་བཅངས་པའི་བགྲེས་སོང་དཀྱུས་མ་དེས་ཏང་དང་མི་དམངས་ལ་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་དང་བརྩེ་སེམས་ཟབ་མོ་བཅངས་ཡོད། གུང་ཁྲན་ཏང་ཡོན་གྱིས་ཏང་གི་ཆེད་དུ་ཚེ་གང་འབད་འབུངས་བྱེད་དགོས། རྒན་ཡོལ་ཞུས་ཀྱང་ཏང་ཡོན་གྱི་རང་མདངས་མ་ཉམས་པར་ཏང་དང་རྒྱལ་ཁབ་ལ་ནུས་ཤུགས་འདོན་ཐུབ་པ་དེ་ནི་བདེ་སྐྱིད་ཅིག་རེད་ཅེས་བློ་གསལ་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།